21971

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:40, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐུགས་ཀྱི་དམ་ཚིག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཐུགས་ཀྱི་དམ་ཚིག་ཡིད་ཀྱི་ཉེས་པ་སྤང་ཞིང་གསང་བ་གཞན་ལ་མི་སྤེལ་བར་བྱང་སེམས་རྣམ་གཉིས་བསྐྱེད་ནས་བླ་མ་དང་ཐུགས་ཡིད་བསྲེ་བ་དང་ཏིང་འཛིན་གྱི་སྒོ་དུ་མར་སྤྱོད་པ་དང་། ཁྱད་པར་དུ་སྣང་སྲིད་དབྱིངས་དང་ཡེ་ཤེས་སུ་གསལ་བས་གཉིས་མེད་ཀྱི་ངང་དུ་སྒོ་གསུམ་ལས་ཡིད་རྒྱལ་བའི་ཐུགས་སུ་རྟོགས་པ་ལས་མི་འདའ་བའི་ཐ་ཚིག་མཆོག་ཏུ་གསུངས།
Domain ཆོས་ལུགས།

{{#arraymap:ཐུགས་ཀྱི་དམ་ཚིག་

|; |@@@ | | }}

ཐུགས་ཀྱི་དམ་ཚིག་ (2)
Part of speech མིང་ཚིག
Definition ཡེ་གཤེན་རྒྱུད། བོན། གསང་སྔགས་བསྒྲུབ་པའི་གནས་དང་། སྒྲུབ་པའི་གྲོགས། སྒྲུབ་པའི་དུས། སྒྲུབ་པའི་རྫས། སྤྱོད་པ་ཁྱད་པར་ཅན་སོགས་གསང་བའི་བོན་རྣམས་ཐུགས་ལ་གབ་ཅིང་སྦེད་པར་བྱེད་པ་དང་། ལྟ་སྒོམ་ཟབ་མོའི་དོན་ལ་མ་ཡེངས་པར་རྩེ་གཅིག་ཏུ་འཇུག་པ་དང་། དབང་དམ་གཅིག་པའི་མཆེད་དང་ལྕམ་དྲལ་སོགས་ལ་བརྩེ་གདུང་རབ་ཏུ་བསྐྱེད་པ་དེ་དག་ལས་མི་འདའ་བ་བསྲུང་བར་དམ་བཅས་པ་དེ་ལ་བྱའོ། །འགུ་ཡ་ལས། དེ་ལ་ཐུགས་ཀྱི་དམ་ཚིག་ནི། བསྲུང་ཡུལ་དམིགས་དང་དགོས་ཆེད་དང་། སྲུང་བའི་ཐབས་དང་གསུམ་དུ་བསྟན། ཞེས་པ་ལྟར། ཐུགས་ཀྱི་དམ་ཚིག་བསྲུང་ཡུལ་ལ་བཞི་སྟེ། ཕྱིའི་གསང་བ་བཞི། བར་གྱི་གསང་བ་བཞི། གསང་བར་འོས་པ། གསང་བར་གཉེར་གཏད་ཀྱི་བོན་རྣམས་སོ། །གསང་བའི་དགོས་པ་ནི། འགུ་ཡ་ལས། དེ་ལྟར་གསང་བའི་དགོས་ཆེད་ནི། མཚང་དང་སྐྱོན་འགལ་མ་ཡིན་ཏེ། མ་གསང་སྨྲས་ན་དཔྱས་འདོགས་པས། དེ་ཡི་སྒྲིབ་པས་གང་རྣམས་ནི། ངན་སོང་གསུམ་དང་དམྱལ་བར་འགྲོ། དེ་ཕྱིར་གཞན་དུ་གསང་བའོ། །བདག་གི་དོན་དུ་གསང་བ་ནི། གསང་སྔགས་གསང་བས་སྒྲུབ་པས་ན། མཆོག་དང་ཐུན་མོང་དངོས་གྲུབ་གཉིས། མི་གཡེལ་ཕྱིར་ན་ཤིན་ཏུ་གསང་། ཞེས་པས། གསང་བྱའི་བོན་དེ་དག་ལ་མཚང་དང་སྐྱོན་འགལ་ཡོད་པ་མ་ཡིན་ནའང་། གཞན་གྱི་དོན་དུ་གསང་བ་དང་རང་དོན་དུ་གསང་བར་བྱེད་པ་གཉིས་ཏེ། དང་པོ་གཞན་དོན་ནི། མ་གསང་ཞིང་གཞན་ལ་སྨྲས་པས་གཞན་གྱིས་དཔྱས་འདོགས་ཀྱི་ཉེས་སྒྲིབ་དེས་སེམས་ཅན་དེ་དག་ངན་སོང་དུ་ལྟུང་བར་འགྱུར་བས་གསང་ངོ་། །གཉིས་པ་རང་དོན་ནི། མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་འགྲུབ་ཕྱིར་གསང་ངོ་། །སྲུང་བའི་ཐབས་ལ་ཡང་། འགུ་ཡ་ལས། སྲུང་བའི་ཐབས་ལ་རྣམ་གཉིས་ཏེ། ཡུལ་ཉིད་གང་ལ་གསང་བ་དང་། དེ་ལ་སྒོ་གསུམ་སྲུང་ཐབས་སོ། །ཞེས་པས། སྔར་རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང་བར་བཅས་པ་གང་དག་ཉམས་དམན་དུ་གྱུར་པ་སྟེ་དམ་ཉམས་པ་དང་རང་བཞིན་ནས་དམ་ཚིག་མ་བཅས་པའམ་དཀྱིལ་འཁོར་ལྷ་ཞལ་མ་མཐོང་བ་སྟེ་དམ་ལོག་པ་བཅས་ལ་གསང་བ་སྔགས་ཀྱི་གསང་བྱའི་བོན་རྣམས་རང་གི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གསང་རྒྱ་དམ་པོར་བྱ་དགོས་པར་གསུངས་སོ། །

{{#arraymap:ཐུགས་ཀྱི་དམ་ཚིག་

|; |@@@ | | }}