22009
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་སུ་བསྙེན་བྱ་སྟེ། མཚན་ལྡན་གྲོགས་ལ་བསྙེན་ཞེས་བྱ་བ་ནི། བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་མཚན་ལྟས་བཟང་བའི་སློབ་མ་དང་གྲོགས་བཙལ་ཅིང་བསྟེན་པའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། ཆོག་ཆུང་དམ་མཁྲེགས་ལུས་ངག་གོ ། ཐུགས་ཉེ་འབངས་ཀྱི་སློབ་མ་སྟེ། བཀའ་ཉན་གསུང་སྡོད་སློབ་མ་སྟེ། ཞེེས་པས། དེ་ཡང་བསླབ་པ་སོགས་ལ་བརྩོན་པར་ངོམས་པའི་ཆོག་ཤེས་ཆུང་ཞིང་སྒོ་གསུམ་གྱི་དམ་ཚིག་གང་ནོས་མ་ཉམས་པ་མཁྲེགས་པོའམ་བརྟན་པོར་བསྲུང་བས། དཔོན་གསས་ཀྱི་ཐུགས་ལ་ཉེ་བའི་སློབ་མ་སྟེ་བཀའ་ལ་ཉན་ཞིང་གང་གསུང་གི་དོན་ལ་གནས་པའི་སློབ་མ་ཞེས་ཀྱང་བྱའོ། ། |
Domain | ཆོས་ལུགས། |
{{#arraymap:ཐུགས་ཉེ་འབངས་ཀྱི་སློབ་མ་
|; |@@@ | | }}