22023
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་བསྒྲུབ་བྱའི་ཡི་དམ་གྱི་ལྷ་ཞལ་མཇལ་ཞིང་མཐུ་དབང་སྨིན་པར་དེ་དག་གི་ཐུགས་ཀྱི་སྙིང་པོ་བགྲང་བྱེད་ཀྱི་ཐབས་ཐུགས་དམ་ཕྲེང་བ་ལ་འཇུག་ཅིང་སྤྱོད་པའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། རིན་ཆེན་སྣ་ལྔ་ཤིང་འབྲས་སོགས། ཐུགས་དམ་གྲངས་ཀྱི་ཕྲེང་བར་བསྙེན། ཞེས་པས། དེ་ལ་ཡང་རྒྱུའི་སྒོ་ནས་རིན་སྣ་ལྔ་དང་ཤིང་འབྲས་ལ་སོགས་ལས་བཟོས་པའི་ཕྲེང་བ་རྣམས་སྤྱད་བྱར་བསྟན་ཏོ། །དེ་ལ་ཡང་ནང་གི་རྫས་སུ་བསྙེན་ཞེས་པ་ནི། ལོག་ལྟ་ཅན་དང་གསང་སྔགས་ཀྱི་བོན་སྡེ་འདིའི་དབང་ལུང་མེད་པའི་སྐྱེ་བོ་རྣམས་ལ་མི་སྨྲ་མི་སྟོན་པར་གསང་ནས་སྤྱད་དགོས་པའི་དོན་ཡིན་ནོ། ། |
Domain | ཆོས་ལུགས། |
{{#arraymap:ཐུགས་དམ་གྲངས་ཀྱི་ཕྲེང་བར་བསྙེན་པ་
|; |@@@ | | }}