22024

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:40, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐུགས་དམ་བསྐུལ་བའི་ཕྱག་ཆར་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་བསྒྲུབ་བྱའི་ཡི་དམ་ལྷ་ཚོགས་ལ་སྙན་གསན་དབབ་ཅིང་ཐུགས་རྒྱུད་བསྐུལ་བའི་རྫས་རྔ་གཤང་སོགས་ལ་འཇུག་ཅིང་སྤྱོད་པའི་དོན་ཏེ། དཔལ་གསང་འདུས་དོན་གྱི་རྒྱུད་ལས། རྔ་གཤང་སྒྲ་རྒྱལ་གོ་པན་སོགས། ཐུགས་དམ་བསྐུལ་བའི་ཕྱག་ཆར་བསྙེན། ཞེས་པས། རྔ་གཤང་ལ་སོགས་སྤྱད་བྱར་བསྟན་ཏོ། །དེ་ལ་ཡང་ནང་གི་རྫས་སུ་བསྙེན་ཞེས་པ་ནི། ལོག་ལྟ་ཅན་དང་གསང་སྔགས་ཀྱི་བོན་སྡེ་འདིའི་དབང་ལུང་མེད་པའི་སྐྱེ་བོ་རྣམས་ལ་མི་སྨྲ་མི་སྟོན་པར་གསང་ནས་སྤྱད་དགོས་པའི་དོན་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:ཐུགས་དམ་བསྐུལ་བའི་ཕྱག་ཆར་བསྙེན་པ་

|; |@@@ | | }}