22031

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:40, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐུགས་དམ་སྐོང་བའི་རྫས་སུ་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་བདེར་གཤེགས་ཡི་དམ་ལྷ་ཚོགས་ལ་ཐུགས་དམ་སྐོང་བའི་རྫས་དཀར་གྱི་མཆོད་པ་འོ་ཞོ་ལ་སོགས་དང་དམར་གྱི་མཆོད་པ་ཞིང་བཅུ་བསྒྲལ་བའི་དོན་སྙིང་ལ་སོགས་གཞན་ཡང་ཕྱི་ནང་གསང་བའི་མཆོད་པ་རྣམས་གསོག་ཅིང་འབུལ་བའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། དཀར་དམར་རྒྱན་ལྡན་མཆོད་པའི་ཚོགས། ཐུགས་དམ་སྐོང་བའི་རྫས་སུ་བསྙེན། ཞེས་པས། དཀར་དམར་རྒྱན་ལྡན་གྱི་མཆོད་པའི་ཚོགས་རྣམས་ཡི་དམ་ལྷ་ཚོགས་ཀྱི་ཐུགས་དམ་སྐོང་རྫས་སུ་བསྟན་ཏོ། །དེ་ལ་ཡང་གསང་བའི་རྫས་སུ་བསྙེན་པ་ཞེས་བྱ་བ་ནི། ལོག་ལྟ་ཅན་དང་གསང་སྔགས་ཀྱི་བོན་སྡེ་འདིའི་དབང་ལུང་མེད་པའི་སྐྱེ་བོ་རྣམས་ལ་མི་སྨྲ་མི་སྟོན་པར་གསང་ནས་སྤྱད་དགོས་པའི་དོན་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:ཐུགས་དམ་སྐོང་བའི་རྫས་སུ་བསྙེན་པ་

|; |@@@ | | }}