22100
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྤྱན་རས་གཟིགས་བཅུ་གཅིག་ཞལ་ཏེ། སྤྱན་རས་གཟིགས་དཀར་པོ་ཞལ་བཅུ་གཅིག་གི་རྩ་ཞལ་དཀར། གཡས་ལྗང༌། གཡོན་དམར། དེའི་སྟེང་མ་གསུམ་དབུས་ལྗང༌། གཡས་དམར། གཡོན་དཀར། དེའི་སྟེང་མ་གསུམ་དབུས་དམར། གཡས་དཀར། གཡོན་ལྗང་བ། དེ་རྣམས་འཛུམ་པའི་ཞལ་ཅན། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་ཤིང་སྤྱན་གསུམ་པ། རལ་བ་དམར་སེང་གྱེན་དུ་བསྒྲེངས་པ། དེའི་སྤྱི་བོར་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་ཤིང་རྒྱན་སྤངས་པ། ཚངས་པར་སྤྱོད་པའི་ཆ་ལུགས་འཛིན་ཅིང་འཛུམ་པ་མགུལ་དང་བཅས་པའོ། །ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པས་བགྲང་ཕྲེང༌། གསུམ་པས་མཆོག་སྦྱིན། བཞི་པས་འཁོར་ལོ་འཛིན་པ། གཡོན་གྱི་གཉིས་པས་གསེར་གྱི་པདྨ་ཡུ་བ་དང་བཅས་པ། གསུམ་པས་རིལ་བ་སྤྱི་བླུགས། བཞི་པས་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་ཀྱིས་མཆོག་སྦྱིན་མཛད་པ། ཕྱག་ཐམས་ཅད་ཀྱིས་མཐིལ་ན་སྤྱན་རེ་རེ་ཡོད་པ། ཕྱག་རྣམས་ཡར་དབུའི་གཙུག་ཏོར་དང༌། མར་པུས་མོའི་ལྷ་ང་ལས་མི་འདའ་བ། རི་དྭགས་པགས་པས་ནུ་མ་གཡོན་བཀབ་པ། རས་བཟང་པོའི་ཤམ་ཐབས་ཅན། ནོར་བུས་སྤྲས་པའི་གསེར་ཀྱི་སྐ་རགས་དང་ལྡན་པ། རལ་བ་དམར་སེར་འཁྱུག་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་འོད་དཀར་པོ་འཕྲོ་བའོ། །འདི་པདྨའི་དྲྭ་བ་དང་བཅུ་གཅིག་ཞལ་གྱི་གཟུངས་སོགས་རྩ་བཤད་ཀྱི་རྒྱུད་སོགས་ལས་བསྟན་ཅིང༌། གྲུབ་ཐག་ཉེ་བའི་ཕན་ཡོན་ཆེ། བྱ་རྒྱུད་པདྨའི་རིགས་ཀྱི་བདག་པོ་བཅུ་གཅིག་ཞལ་དཔལ་མོའི་ལུགས་ཀྱི་ཆོས་བརྒྱུད་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་དགེ་སློང་མ་དཔལ་མོར་ཞལ་དངོས་སུ་བསྟན་ཅིང་མན་ངག་སྩལ་པ་སྟེ། ངོ་མཚར་བའི་ལོ་རྒྱུས་དཔལ་མོའི་རྣམ་ཐར་ལས་འབྱུང་བ་ལྟར་དང་བོད་དུ་བྱང་སེམས་ཟླ་བ་རྒྱལ་མཚན་གྱིས་བལ་བོ་པེ་ཉ་བ་ལ་གསན་ཏེ། གྲུབ་ཐོབ་ཉི་ཕུག་པ། ཆོས་གྲགས་སོགས་ཀྱིས་སྤེལ་བའོ། ། |
{{#arraymap:ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་
|; |@@@ | | }}