22116
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ལྷ་བཞི་བཅུ་ཞེ་ལྔའི་ནང་གསེས་གཤེན་ཆེན་ཁྲི་བཞི་ནམ་ཏིང་གི་ཕྱག་རྒྱའི་ཡུམ་ཡིན་ལ། འདི་ཉིད་རྒྱལ་མོ་རྣམ་གསུམ་ལས་སྲིད་རྒྱལ་རྫོགས་པའི་སྐུ་རུ་བཞུགས་པ་དེ་ཡིན་ཞིང་། མཚན་གྱི་རྣམ་གྲངས་ལ་ལྷ་བཟའ་མཚན་དྲུག་ཅེས་སོ། །གནས་ནི་དཀྱིལ་འཁོར་དབུས་ཕྱོགས་ཕོ་བྲང་གླིང་ཆེན་གྱི་ལྷོ་ཕྱོགས་ལ་གདན་ནི་པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། སྐུ་ལ་དར་དཀར་ན་བཟའ་ལ་འོད་ཟེར་འཕྲོ་བའི་གོང་ལག་ཅན། དབུ་ལ་གཡུ་ཡི་འོད་ཟེར་འཕྲོ་བ། གཡས་པས་བདུད་རྩིའི་བུམ་པ། གཡོན་པས་འཕྲུལ་གྱི་མེ་ལོང་བསྣམས་སོ། །ཕྲིན་ལས་ནི། སྐུ་ལ་ཕྱག་རྒྱ། གསུང་ལ་འཛབ་དབྱངས། ཐུགས་ལ་འོད་ཟེེར། ལེགས་པའི་ཡོན་ཏན། ལྷུན་འགྲུབ་འཕྲིན་ལས་བཅས་ཡོངས་སུ་རྫོགས་པར་མངའ་བའོ། ། ལྷ་མོ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷམ་མེ་འདུ་འདུ་བ། ཞེས་པའམ་བ་ཡིག་འདི་ཉིད་དོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ལྷམ་མེ་ནི་དུས་བཞིའི་བཅུད་དབང་བསྒྱུར་བ། བ་ནི་ལྷ་མོ་འདི་ཉིད་དུ་མཚོན་པའོ། །ལྷ་སྐུ་ཡིག་འབྲུའི་བསྐྱེད་གནས་ནི། ལུས་ཀྱི་ཤེ་ཐུན་ཞེས་པ་སྙིང་རྩ་ལའོ། །བྱེད་ལས་ནི། ལྷ་མོ་འདི་ཉིད་བསྐྱེད་པའི་ས་བོན་བྱེད་དོ། །དེ་དག་གི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་ལྷག་མཐོང་ཡེ་ཤེས་དབྱིངས་སུ་དག་ཅིང། མ་རྟོགས་ན་མ་རིག་རྨོངས་པར་འཁྲུལ་ལ། གྲོལ་ན་ཡེ་ཤེས་རླུང་འདབ་དང་ཐུགས་རྗེ་མཁའ་ཡངས་གཉིས་མེད་དུ་འགྲུབ་ལ། མ་རྟོགས་ན་འཁོར་བའི་ཞིང་དུ་ཤར་བར་གསུངས་སོ། །ཞེས་པ་འདི་ནི་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཐུགས་རྗེ་བྱམས་མ་
|; |@@@ | | }}