22131

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:40, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐུགས་རྗེའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། སྙིང་རྗེའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་ཡང་བརྗོད། མདོ་དགོངས་པ་འདུས་པར་ཆོ་འཕྲུལ་བཞིར་གསུངས་པའི་ཡ་གྱལ་ཞིག་སྟེ། འབྲས་བུ་ཐུགས་རྗེའི་རྫུ་འཕྲུལ་གྱི་གཞི་ལས་དེ་བཞིན་གཤེགས་པའི་སྣང་བ་སྐྱེ་བའི་ཕྱིར་ཐུགས་རྗེའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་ཞེས་བྱ། གཟི་ལྡན་འཆར་ཁའི་འོད་སྣང་ལས། གང་རང་བྱུང་གི་ཡེ་ཤེས་ཐུགས་རྗེའམ་སྙིང་རྗེ་ཆེན་པོའི་ཐབས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པའི་རྫུ་འཕྲུལ་གྱི་གཞི་ལས་སྐྱེ་བའི་ཆོ་འཕྲུལ་གདུལ་བྱ་ལ་གང་གིས་འདུལ་བ་བཞིན་ཅིར་ཡང་སྣང་བ་གང་ཞེ་ན། འདི་ལྟ༷་སྟེ། གང་རྒྱལ་བ་རྣམས་ཀྱི་གཞན་དོན་གྱི་མཛད་པ་ཆོ་འཕྲུལ་བཞིར་སྣང་བ་སྟེ། ཞི་བ་དང་ཁྲོ་བོའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང༌། ཡི་གེའི་སྒོ་ཆོས་སྣང་བའི་ཆོ་འཕྲུལ་དང༌། མ་འདྲེས་ཡོངས་རྫོགས་ཀུན་བརྗོད་པའི་ཆོ་འཕྲུལ་དང༌། དགོངས་པ་འགྲེལ་པ་རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་བཞིར་སྣང་བ་ཐམས་ཅད་དོ། །དེ་རེ་རེའང་རྟག་པ་རྒྱུན་གྱིས་སྐྱེ་བ་དང༌། རང་བཞིན་ཤུགས་ཀྱིས་སྐྱེ་བ་དང༌། བསྐུལ་ཞིང་གསོལ་བ་བཏབ་པས་སྐྱེ་བ་དང༌། ཡུལ་དང་འཕྲད་པས་སྐྱེ་བ་སྟེ་སྐྱེ་བའི་དུས་དང་ངོ་བོའི་རྒྱུར་སྦྱར་རོ། །ཞེས་པ་ལྟར་དེར་དབྱེ་ན་བཞི། རྫུ་འཕྲུལ་གྱི་ཆོ་འཕྲུལ། ཆོས་སྣང་བའི་ཆོ་འཕྲུལ་དང༌། ཀུན་བརྗོད་པའི་ཆོ་འཕྲུལ་ལོ། །
Domain ཆོས་ལུགས།

{{#arraymap:ཐུགས་རྗེའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་

|; |@@@ | | }}