22142

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐུགས་རྗེེ་ཞགས་པ་འདུར་གྱི་མཆོང་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ནང་ཚན་ལས་ཀྱི་འཕྱོང་ཞེས་བྱ་ལ། སྤྱི་སྤུངས་བསྙེན་བསྒྲུབ་༼བསྙེན་པ་དགུ་དང་བསྒྲུབ་པ་བཅོ་བརྒྱད་ལ་གོ༽གཉིས་ཀྱི་ལས་རིམ་ལ་དངོས་སུ་འཇུག་སྐབས་གུད་དུ་བསྟན་པའི་ཁ་ཚར་ཟུར་བཀོལ་གྱི་བོན་ཏེ། གཙོ་བོར་གཤིན་པོ་ལ་གནོད་པའི་ཤི་གཤེད་འདུལ་ཞིང་གཤིན་པོ་བདེ་གནས་སུ་འགོད་ཐབས་ཀྱི་བོན་སྐོར་ཞིག་ཡིན། སྤྱིར་གདུལ་བྱ་གསོན་གཤིན་རྣམས་ཀྱི་དོན་དུ་འདུར་ཆོག་ལ་སྤྱོད་པའི་ཐེག་སྒོ་གོང་འོག་འགའ་ཡོད་ཀྱང་འདི་ནི། གོང་མའི་བོན་སྤྱོད་ཡིན་པར་སྣང་། འོ་ན་ཐེག་པ་བདུན་པ་ཨ་དཀར་གྱི་མདོ་ལས། ཐུགས་རྗེ་ཞགས་པ་འདུར་གྱི་མཆོང་། སྲིད་གཤེན་ཐེག་པའི་དོན་དང་སྦྱར། ཞེས་གསུངས་པས། ཐེག་པ་འོག་མ་སྲིད་གཤེན་གྱི་བོན་དུ་བསྟན་པ་ལྟར་སྣང་བས་ཇི་ཡིན་སྙམ་ན། སྲིད་གཤེན་པའི་བོན་སྤྱོད་ལ་ཡང་འདིའི་རྣམ་པ་ཙམ་དུ་འདྲ་མཐུན་ཡོད་པ་ལ་འདི་ཉིད་ཀྱང་དེར་བསྟན་ཅིང་། འོག་མ་སྲིད་གཤེན་པ་རྣམས་ཀྱང་འདུར་གྱི་འཕྱོང་འདི་ལ་སྤྱོད་ནས་གོང་མ་སྔགས་ལམ་ལ་བློ་ཁ་བཀྲི་བའི་ཐབས་སུ་དགོངས་ཏེ་བསྟན་པར་ཟད་དོ། །བསེན་ཐུབ་ལས། སེམས་ཅན་ལས་ཀྱིས་སྐྱེ་དང་འཆི་ལ་རྟགས། སྐྱེ་སྒོ་དགག་ཕྱིར་ཚེ་ཕངས་༼འཕོས་༽དབྱིངས་སུ་བསྒྲལ། དེ་ཡང་ཕལ་གྱི་ཐུན་མོང་མ་ཡིན་ཏེ། རྒྱུས་མེད་ལོང་བས་ཁྲིད་པས་གནས་སུ་མི་ཕྱིན་ལྟར། གང་ཞིག་གཤེན་རབ་རྩལ་སྟོབས་མི་ལྡན་པས། ཚེ་འདས་ཐར་པའི་གནས་སུ་སྒྲོལ་འདོད་པ། རྨོངས་པས་རྨོངས་པ་ཁྲིད་པས་ལག་སྦྲེལ་གཡང་སར་ལྟུང་། ཞེས་དང་། དམིགས་པའི་འཕྲོ་འདུས་མཁའ་དབྱིངས་ལྷ་རུ་སྒྲུབ། བདེ་ཆེན་ཐིག་ལེ་མུ་ཏིག་ཤེལ་ལྟར་འཛག སྤྱི་བོའི་གཙུག་ནས་རྩ་རྣམས་བཅུད་ཀྱིས་གང་། ཤེ་ཐུན་རྩ་སྒོ་ཕྲ་མེན་ཡི་གེ་ལྔས། ཕུང་པོ་རིན་ཆེན་ལྔའི་གཞལ་ཡས་བསྐྱེད། དེ་བཞིན་ལྷ་ལྔ་སྤྱི་བོའི་གཙུག་ནས་བབས། རྣམ་ཤེས་ཐིག་ལེར་འདྲིལ་ནས་དེར་བཀུག་ནས། ཞེས་སོགས་གསུངས་པའི་འདུར་གྱི་འཕྱོང་འདི་བསྟན་པའི་ལུང་དོན་འདི་དག་ལ་བརྟག་པས་འོག་མའི་བོན་ཞིག་མ་ཡིན་པར་ངེས་ནུས་སོ། །
Domain ཆོས་ལུགས།

{{#arraymap:ཐུགས་རྗེེ་ཞགས་པ་འདུར་གྱི་མཆོང་

|; |@@@ | | }}