22174

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐུགས་སྒྲུབ་ཡང་སྙིང་འདུས་པའི་གཞལ་ཡས་དོན་བསྟོད་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པའི་གཞལ་ཡས་དོན་བསྟོད། ཅེས་བྱ་བ་སྟེ། གཏེར་གཞུང་ལས། བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པ་ཡི༔ སྒྲུབ་ཆེན་གྱི་ཡིག་ཆུང་ཡི་གེར་བཀོལ་བ་དོན་གྱི་བསྟོད་པ༔ བདག་འདྲ་མཚོ་རྒྱལ་གྱིས་བཀོད་པའོ༔ ༔ཞེས་པ་ལྟར། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཀོད་ཅིང་གཏེར་དུ་སྦས་པ་ཉིད། གཏེར་ཆེན་རཏྣ་གླིང་པས་རྟའི་ལོ་ལ་གཏེར་ནས་བཞེས། འདིའི་ནང་དོན་བརྗོད་བྱ་ནི། རྣལ་འབྱོར་པ་རྣམས་ཀྱིས་སྔགས་ཆས་བཞེས་ནས་རོལ་མོ་དབྱངས་དང་བཅས་པའི་སྒོ་ནས་ཡང་གསང་བླ་མའི་སྒྲུབ་ཆེན་གྱི་གཞལ་ཡས་དོན་གྱི་བསྟོད་པའི་སྐོར་བསྟན།

{{#arraymap:ཐུགས་སྒྲུབ་ཡང་སྙིང་འདུས་པའི་གཞལ་ཡས་དོན་བསྟོད་

|; |@@@ | | }}