22177

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐུགས་སྒྲུབ་ཡང་སྙིང་འདུས་པའི་དབང་གི་རྫོང་ཆེན་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པའི་དབང་གི་རྫོང་ཆེན། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ངས༔ རང་གིས་སྒྲུབ་པ་རང་གིས་བརྩམས༔ སུ་ཕྲད་བདེ་ཆེན་ཞིང་དུ་སྦྱོར༔ ཀུན་གྱི་བཅུད་བསྡུས་ཡང་གཏེར་འདི༔ གཉལ་སྨད་དགེ་རིའི་བྲག་ལ་སྦས༔ ལས་ཅན་ཐུགས་ཀྱི་སྲས་དང་ཕྲད་པར་ཤོག༔ ཅེས་གསུངས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་དགེ་རིའི་བྲག་ནས་བཏོན་པའི་གཏེར་ཆོས་ཤིག་སྟེ། འདིའི་ནང་དོན་ལ། རྫས་བསགས་པ་དང་། བསྙེན་པ་བྱ་བ་དང། དབང་སྒྲུབ་པ་དང། དབང་གི་ཞུ་བ་འབུལ་བ་དང། དབང་རིམ་པར་བསྐུར་བ་དང། ཡོན་འབུལ་བ་དང། དམ་ཚིག་གིས་རྒྱས་གདབ་པ་སྟེ་ལས་ཆོག་བདུན་གྱི་སྒོ་ནས་འབྲེལ་ཚད་བདེ་ཆེན་ཞིང་ལ་སྦྱོར་བར་བྱེད་པའི་ཐུགས་བསྒྲུབ་དབང་གི་རྫོང་ཆེན་བསྟན།

{{#arraymap:ཐུགས་སྒྲུབ་ཡང་སྙིང་འདུས་པའི་དབང་གི་རྫོང་ཆེན་

|; |@@@ | | }}