22180
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཐུགས་སྒྲུབ་ཡང་སྙིང་འདུས་པའི་བླ་མ་སྐུ་གསུམ་དུ་བསྒྲུབ་པའི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེན་མོ། ཞེས་བྱ་བ་སྟེ། གཏེར་གཞུང་གི་མཇུག་ཏུ། བདག་འདྲ་མཁར་ཆེན་མཚོ་རྒྱལ་གྱིས༔ གུ་རུ་ཉིད་ལ་ལུང་ཞུས་ཏེ༔ ཟིན་བྲིས་ཤོག་སེར་ལོགས་ལ་བཀོད༔ མ་འོངས་དོན་དུ་གཏེར་དུ་སྦས༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ གནུབས་ཡུལ་ལང་གྲོའི་ལོ་ཙཱ་བ༔ འདི་དང་ཕྲད་ནས་སྤྱོད་པར་ངེས༔ ལས་ཅན་དེ་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་གཏེར་དུ་བཞེས། འདིའི་ནང་དོན་ལ། བླ་མ་སྐུ་གསུམ་དུ་བསྒྲུབ་པའི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་འབྲི་བ་ལ་རྫས་ཇི་ལྟར་དགོས་ཚུལ་དང་། འཁོར་ལོ་ཇི་ལྟར་འབྲི་ཚུལ། དེའི་རབ་གནས་བྱ་ཚུལ། དེའི་བྱིན་རླབས་དང་ནུས་མཐུ་བརྗོད་པ་བཅས་བསྟན། |
{{#arraymap:ཐུགས་སྒྲུབ་ཡང་སྙིང་འདུས་པའི་བླ་མ་སྐུ་གསུམ་དུ་བསྒྲུབ་པའི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེན་མོ་
|; |@@@ | | }}