22185
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཐུགས་སྒྲུབ་ཡང་སྙིང་འདུས་པའི་རྒྱ་ཐེམས་གཏད་རྒྱ་གསང་བ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བླ་མེད་གསང་སྔགས་ཟབ་མོའི་རྒྱ་ཐེམས་འདི༔ སྐལ་ལྡན་གཅིག་དང་གདམས་པ་འདི་ཕྲད་ནས༔ འགྲོ་ཀུན་སྲིད་མཚོ་བསྒྲལ་བའི་རྒྱུར་གྱུར་ཏེ༔ གསང་སྔགས་བསྟན་པ་མཐའ་རུ་རྒྱས་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་དགེ་རིའི་བྲག་གསེབ་ནས་གདན་དྲངས་པའོ། །འདིའི་ནང་དོན་ལ། བླ་མེད་གསང་སྔགས་ཟབ་མོའི་རྒྱ་ཐེམས་ཡང་སྙིང་གསང་གཏེར་བླ་མའི་ཐུགས་སྒྲུབ་འདི་སྣོད་ལྡན་གྱི་གང་ཟག་ཇི་ལྟ་བུ་ཞིག་ལ་བསྟན་དགོས་ཚུལ་བསྟན། |
{{#arraymap:ཐུགས་སྒྲུབ་ཡང་སྙིང་འདུས་པའི་རྒྱ་ཐེམས་གཏད་རྒྱ་གསང་བ་
|; |@@@ | | }}