22199

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐུགས་སྤྲུལ་ལྔ་པ་འཇིགས་མེད་ཆོས་རྒྱལ་ (1)
Part of speech མིང་ཚིག
Definition འབྲུག་ཞབས་དྲུང་ཐུགས་སྤྲུལ་སྐུ་ཕྲེང་ལྔ་པ་འཇིགས་མེད་ཆོས་རྒྱལ་མཆོག་ནི། ཤར་ཕྱོགས་དགྲ་མེད་རྩེར། རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་ ༡༨༦༢ ལོར་འཁྲུངས། དགུང་ལོ་དགུ་ནས་གདན་སར་སྤྱན་དྲངས་ཏེ་ཆེ་འདོན་མཛད། མཁན་ཤཱཀྱ་རྒྱལ་མཚན་དང་། ཡོན་ཏན་དཔལ་བཟང་། ཡོངས་འཛིན་ཤེས་རབ་དབང་ཕྱུག་སོགས་ལས། དམ་ཆོས་འདུལ་བའི་བསླབ་ཚིགས་ནས་བཟུང་མདོ་སྔགས་སྤྱི་དང་ཁྱད་པར་རང་ལུགས་སྙིང་པོའི་ཁྲིད་རིམ་མཐར་ཆགས་སུ་གསན་སྒོམ་མཛད། ཏ་ལོའི་ཡང་དབེན་སྤང་དཀར་རི་ཁྲོད་དུ་རྣམ་རྒྱལ་ཆོས་གླིང་དུ་གྲགས་པའི་གདན་ས་བཏབ་སྟེ། དོན་གཉིས་ལྷུན་གྲུབ་ཀྱི་ངང་དུ་བཞུགས་པའི་མཐར། དགུང་ལོ་ཞེ་གསུམ་ཤིང་འབྲུག་ ༡༩༠༤ ལོར་གཤེགས་སོ། །

{{#arraymap:ཐུགས་སྤྲུལ་ལྔ་པ་འཇིགས་མེད་ཆོས་རྒྱལ་

|; |@@@ | | }}