22208
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གཙང་གི་གཡས་རུ་ཤངས་ཀྱི་ཟམ་ཕུ་ཞེས་པར་སྐུ་བལྟམས། གཞོན་ནུ་ནས་སྐྱེས་མཆོག་འབའ་ར་བ་དང་མཇལ་ཞིང་རབ་ཏུ་བྱུང་། མཚན་ནམ་མཁའ་སེང་གེར་བསྕལ། དེ་ནས་བཟུང་དམ་པ་དེ་ཉིད་ཀྱི་ཞབས་ཕྱིར་འབྲལ་མེད་དུ་བཞུགས་ཤིང། ཐར་གྲུ་སྐོར་གསུམ་སོགས་དབང་ལུང་ཁྲིད་མཐའ་ཡས་པ་གསན། དེ་ལ་བསྙེན་པར་རྫོགས་ནས་བསླབ་པ་མིག་འབྲས་བཞིན་གཅེས་སྤྲས་སུ་མཛད། འབའ་རའི་གདན་ས་དོན་གྲུབ་སྡིངས། དཔལ་རི་སོགས་རི་ཁྲོད་ངེས་མེད་རྣམས་སུ་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས། ཕྱི་དགེ་སློང་གི་ཆ་ལུགས་ཆོས་གོས་རྣམ་པ་གསུམ་དང་མི་འབྲལ་ཞིང་། ནང་གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་རྩ་ཐིག་རླུང་གསུམ་ལ་རང་དབང་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཐུགས་སྲས་ནམ་མཁའ་སེང་གེ་ཞེས་ཡོངས་སུ་གྲགས། འབའ་རའི་རྣམ་མགུར་ལས་དགེ་སློང་ནམ་བཟང་ལ་དཔལ་རི་གཏད་ཅེས་གསུངས་པ་ལྟར། གནས་དེར་བླ་མར་བསྐོས། རེ་ཞིག་ན་རོང་དུ་སྒྲོལ་མ་སྡིངས་ཞེས་བྱ་བའི་དགོན་པ་བཏབ་ནས། དེར་འདུས་པའི་སྐལ་ལྡན་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད། རྩ་ཐིག་རླུང་ལ་དབང་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་བསོད་ནམས་དོན་གྲུབ་དང་། ཐུགས་སྲས་ཀྱི་གཙོ་བོ་བྱང་སེམས་ཆེན་པོ་ཀུན་དགའ་ཆོས་རྒྱལ་སོགས་ཞལ་སློབ་མང་དུ་བྱུང། མཁས་གྲུབ་མོན་རྫོང་རས་ཆེན་ཟླ་བ་རྒྱལ་མཚན་གྱི་གཙུག་ཕུད་ཀྱང་འདི་ལ་ཕུལ་བ་ཡིན། དེ་ལྟར་བླ་སློབ་ཐམས་ཅད་ཀྱི་ཉམས་བཞེས་གཙོ་བོ་འབར་ཆོས་ལ་གནང་ཞིང། སྒྲུབ་པའི་རྒྱལ་མཚན་བསྒྲེངས། སྐུ་ཚེའང་དགུ་བཅུ་གོ་གྲངས་བཞུགས་པའི་མཐར་གདན་ས་སྒྲོལ་མ་སྡིངས་སུ་སྐུ་མྱ་ངན་ལས་འདས་སོ། ། |
{{#arraymap:ཐུགས་སྲས་ནམ་མཁའ་སེངྒེ་
|; |@@@ | | }}