22230
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། ལས་སྦྱོར་བསད་ལས་ཀྱི་སྐབས་སུ་བསྟན་པའི་དགྲ་བོ་འགུགས་ས་དང་བཅུག་སའི་བཙོན་དོང་སྟེ་འབྲུབ་ཁུང་དང་གནད་གཅིག་སྟེ། གསང་འདུས་དོན་རྒྱུད་ལས། སྲིན་མོ་བསྒྲལ་བའི་ཨག་ཙེ་ལ། དགྲ་བགེགས་བསྒྲལ་བའི་ཐུན་ཁུང་བྱས། བྲུབ་ཁུང་ནག་པོ་དེ་ནས་བྱུང་། ཞེས་གསུངས་པས། དེ་ཉིད་ཀྱི་ཁུངས་ཀྱི་ལོ་རྒྱུས་སྟོན་ཏེ། ཐོག་མར་སྲིན་པོ་ཕོ་མོ་བསྒྲལ་བའི་ལྟག་པའི་ཁུང་བུ་མཛད་ནས་བྱུང་བར་བཤད་པ་སྟེ། འདིར་ཨག་ཙེ་ཞེས་པ་ཞང་སྐད་དུ་ལྟག་པའི་ཁུང་བུ་ལ་གོ་བས་ཤེས་སོ། །དེ་ནས་སྒྲུབ་པའི་གཤེན་པོ་རྣམས་ཀྱི་ཕྱག་རྒྱུན་ལ་གཡག་རྭ་དང་ལྕགས་དང་ས་སོགས་ལས་ཀྱང་བྱ་སྲོལ་ཡོད་དོ། །དབྱིབས་ཀྱི་རྣམ་པ་ལ་ཡང་གྲུ་གསུམ་ཞིག་ཀྱང་ངེས་པར་སྙམ། ཁ་དོག་ལ་འདིར་ནག་པོ་གསུངས་ཀྱང་གཞུང་རང་རང་གི་སྒོ་དང་བསྟུན་པའི་དོན་ལས་ཁ་དོག་ལ་ཡང་སྣ་ཚོགས་ཡོད་པར་མངོན་ནོ། །མཐོ་ཚད་ཀྱི་བང་རིམ་ལ་ཡང་དེ་བཞིན་ནོ། ། |
Domain | ཆོས་ལུགས། |
{{#arraymap:ཐུན་ཁུང་
|; |@@@ | | }}