22262

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐུན་མོང་གི་གྲུབ་པ་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཐུན་མོང་གི་གྲུབ་པ་བརྒྱད་ནི། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་ཐོབ་པའི་ཐུན་མོང་གི་དངོས་གྲུབ་བརྒྱད་དེ། ཕྱོགས་བཅུའི་མུན་སེལ་ལས། བསྒྲུབ་པ་དེའི་འབྲས་བུ་ནི། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་དང་། མངོན་པར་ཤེས་པས་ཆོས་ཐམས་ཅད་མངོན་སུམ་དུ་གསལ་བར་རྟོགས་པ་དང་། ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་འོད་ཟེར་འབར་བས་ས་དང་ལམ་གྱི་ཁྱད་པར་གོང་མར་བགྲོད་པ་དང་། ཚེ་ཉི་ཟླ་དང་མཉམ་པས་རང་གཞན་གྱི་དོན་སྒྲུབ་ཅིང་རྡོ་རྗེའི་སྐུ་བརྙེས་པ་དང་། ལ་སོགས་པའི་ཁོངས་ནས། རལ་གྲི་དང་། མིག་སྨན་དང་། རིལ་བུ་དང་། གསེར་འགྱུར་དང་། རྐང་མགྱོགས་ལ་སོགས་པ་ཐུན་མོང་གི་གྲུབ་པ་བརྒྱད་ཐོབ་པར་བསྟན་ཏོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཐུན་མོང་གི་གྲུབ་པ་བརྒྱད་

|; |@@@ | | }}