22299

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐུན་མོང་བའི་མ་ངེས་པའི་རྟགས་ (1)
Part of speech མིང་ཚིག
Definition ཕྱོགས་ལས་གཞན་འཇུག་ཐུན་མོང་བ། །ཞེས་བྱ་བ། ཐུན་མོང་གི་མ་ངེས་པའི་མཚན་ཉིད་ནི། ཕྱོགས་ཆོས་གྲུབ་མཐུན་ཕྱོགས་མི་མཐུན་ཕྱོགས་གཉི་ག་ལ་འཇུག་པའོ། །དབྱེ་བ་ལ། དབྱེ་ན་དངོས་དང་ལྷག་ལྡན་གཉིས། ཞེས་བྱ་བ། དངོས་ཀྱི་མ་ངེས་པ་དང་ལྷག་ལྡན་གཉིས་སོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། ཐུན་མོང་གི་མ་ངེས་པའི་མཚན་ཉིད་ནི། ཕྱོགས་ཆོས་གྲུབ་ཅིང་། ཕྱོགས་དེ་ཤེས་འདོད་ཆོས་ཅན་ལས་གཞན་ཕྱོགས་གཉིས་པོ་གང་རུང་ལ་འཇུག་པར་སྐབས་ཀྱི་རྒོལ་བའི་ཚད་མས་མཐོང་བ། དབྱེ་བ་ནི། དངོས་དང་། ལྷག་ལྡན་གྱི་མ་ངེས་པ་གཉིས་སོ། །པཎ་ཆེན་ཤཱཀ་མཆོག་གི་སྡེ་བདུན་ངག་གི་རོལ་མཚོ་ལས། ཐུན་མོང་གི་མ་ངེས་པའི་མཚན་ཉིད་ནི། མ་ངེས་པའི་གཏན་ཚིགས་གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་ལ་མཐོང་བ། དབྱེ་བ་ལ། དངོས་ཀྱི་མ་ངེས་པ་དང་། ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གཉིས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།

{{#arraymap:ཐུན་མོང་བའི་མ་ངེས་པའི་རྟགས་

|; |@@@ | | }}