22436

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐུར་འབབ་ (1)
Part of speech མིང་ཚིག
Definition མི་གྲངས་འཕེལ་ཁ་བརྟག་ཐབས་རྒྱ་མ་ཕ་ཀླུང་རྩིས་ལ་ཡོད་པའི་དར་གུད་བསྐོར་ལུགས་གསུམ་གྱི་ནང་གསེས་ཤིག་སྟེ། ཕ་དང་མེས་པོ་དག་གི་རང་ལོའི་སྲོག་སོགས་བཞིའི་དར་གུད་ཀྱི་དབུགས་སྤྱི་ལྟར་བླངས་ཏེ་གཡས་བསྐོར་གྱིས་བུ་ཚའི་རང་ལོའི་སྟེང་དུ་གཏུགས་པའི་དར་གུད་བསྐོར་ལུགས་ལ་ཟེར་བ་ཡིན། དེ་ལྟར་བསྐོར་ནས་བབས་པའི་དར་གུད་ན་བ་ཡིན་ན་རྒྱ་མ་ཚོམས་ཞེས་ཟེར་ཞིང་། བུ་ཚ་དེ་རིགས་ཀྱི་མི་གྲངས་མི་འཕེལ་བས། མཚོ་སྒྲོལ་ལྟ་བུའི་གཏོ་དང་གསང་བ་ཀུན་འདུས་གཏོང་དགོས། ཤི་བར་བབས་ན་རྒྱ་མ་ལྟེམས་ཞེས་ཟེར་ཞིང་། བུ་ཚ་དེ་རིགས་ཀྱི་ཀླུང་བུ་མོར་འགྲོ་བས། གང་བ་ལྟ་བུའི་གཏོ་དང་འཁོར་ལོ་དགུ་མགྱོགས་གཏོང་དགོས། དུར་སའམ་དུར་ཆུང་ཞེས་པ་དུར་ཞུགས་ཀྱི་བདུན་ཟུར་ལ་འབབ་པའི་གོས་གྱོན་ལ་བབས་ན་རྒྱ་མ་ཁ་རལ་ཞེས་ཟེར་ཞིང་། བུ་ཚ་དེ་རིགས་ཀྱི་ཤི་ཁའི་སྒབ་མི་ཆོད་པས། བསྡོམས་པའི་གཏོ་དང་འཁོར་ལོ་ལྔ་མགྱོགས་གཏོང་དགོས། དུར་གཤེད་ཅེས་པ་དུར་ཞུགས་དངོས་ལ་བབས་ན་རྒྱ་མ་སྡོད་ཅེས་ཟེར་ཞིང་། བུ་ཚ་དེ་རིགས་ཀྱི་སྲིད་སྐམ་སྐྱེ་སྒབ་ཆད་པས། ལྕག་གིས་བྲབས་པ་ལྟ་བུའི་གཏོ་དང་ས་བདག་གཡོ་འཁྲུག་གཏོང་དགོས། གཞན་དུ་གོས་གྱོན་ལ་བབས་ན་རྒྱ་མ་སྡོད་དང་། དུར་ཞུགས་ལ་བབས་ན་རྒྱ་མ་ཁ་རལ་བྱེད་པའི་ལུགས་ཀྱང་ཡོད། རྒྱ་མ་ཕ་ཀླུང་འདི་གཙོ་ཆེར་སྲོག་གི་ཁམས་དང་སྦྱོར་བས། གལ་སྲིད་ཕ མེས་སྲོག་ཁམས་མེ་ཡིན་པ་རྟ་སྦྲུལ་ལོ་པ་ཡིན་པར་ཆ་བཞག་ན། རང་ལོའི་སྲོག་ཁམས་མེ་དབུགས་ཕག་ནས་བླངས་ཏེ་སྤྱི་ལྟར་བསྐོར་ན་བ་སྤྲེལ་ལ་བབས་པས། བུ་ཚ་སྤྲེལ་ལོ་སྐྱེས་ན་རྒྱ་མ་ཚོམས་དང་། ཤི་བ་བྱ་ལ་བབས་པས། བུ་ཚ་བྱ་ལོ་སྐྱེས་ན་རྒྱ་མ་ལྟེམས། དུར་ཞུགས་ཁྱི་ལ་འབབ་པས། བུ་ཚ་ཁྱི་ལོ་སྐྱེས་ན་རྒྱ་མ་སྡོད། གོས་གྱོན་འབྲུག་ལ་འབབ་པས། བུ་ཚ་འབྲུག་ལོ་བྱུང་ན་རྒྱ་མ་ཁ་རལ་བཅས་ཡིན་པ་ལྟ་བུ་ཡིན།
Type མངོན་བརྗོད།
Domain རྩིས་རིག

{{#arraymap:ཐུར་འབབ་

|; |@@@ | | }}