22518
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས། ཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་གཉེར་བྱའི་དོན་ཐོབ་ཟིན་འཕེལ་བ་དང། ཐོབ་རུང་འགྲུབ་པའི་ཐབས་སམ། དེ་ལྟ་བུའི་ཐབས་འདོམས་པའི་ངག་ནི་ཐེག་ཆེན་གྱི་གདམས་ངག་ཡིན་ལ། དབྱེ་ན། བཅུའི་བདག་ཉིད་དུ་ཤེས་པར་བྱའོ། །ཞེས་དང་། |
Domain | ཆོས་ལུགས། |
{{#arraymap:ཐེག་ཆེན་གྱི་གདམས་ངག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས། ཡུལ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་གདམས་ངག་དོན་དུ་གཉེར་བའི་བྱང་སེམས་ལ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་བསྒྲུབ་པའི་ཆེད་དུ་བདེན་གཉིས་ལས་མི་འདའ་བར་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་ཤེར་ཕྱིན་སྒྲུབས་ཤིག་ཅེས་འདོམས་པར་བྱེད་པའི་མདོ་ཚིག་གོ ། དེས་ན་འདིར་བསྟན་གདམས་ངག་བཅུ་པོ་ཐམས་ཅད་ཤེར་ཕྱིན་གྱི་མདོ་ཡིན་གྱི། རྒྱན་གྱི་ཚིག་ལ་འདིར་བསྟན་གདམས་ངག་བཅུ་འཇོག་པ་ནི་བརྗོད་བྱ་རྗོད་བྱེད་མ་ཕྱེད་པའོ། །ཞེས་གསུངས། |
{{#arraymap:ཐེག་ཆེན་གྱི་གདམས་ངག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཐེག་ཆེན་གྱི་གདུལ་བྱ་ལ་ཐེག་ཆེན་གྱི་ཆོས་ཕྱིན་ཅི་མ་ལོག་པར་འདོམས་པའི་རྗོད་བྱེད་རྣམ་དག་དེ། ཐེག་ཆེན་གདམས་ངག་གིི་མཚན་ཉིད་ཡིན་ཏེ། ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱི་ཕར་ཕྱིན་མདོ་ལུགས་མ་ལས། བྱང་ཆུབ་སེམས་དཔའ་ལ་ཐེག་ཆེན་གྱི་ཆོས་ཕྱིན་ཅི་མ་ལོག་པར་འདོམས་བྱེད་ཀྱི་ངག་ནི་མཚན་ཉིད་དོ། །ཞེས་དང་། ཉ་དབོན་ཀུན་དགའ་དཔལ་གྱི་ཕར་ཕྱིན་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། གདམས་ངག་གི་མཚན་ཉིད། ཐེག་ཆེན་སེམས་བསྐྱེད་ཀྱིས་དོན་དུ་གཉེར་བའི་དོན་རྟོགས་ཤིང་ཐོབ་པའི་ཐབས་སངས་རྒྱས་ལ་སོགས་པས་འདོམས་པའི་ངག་གིི་རིག་བྱེད་དམ་དེ་ལྟར་གདམས་པ་ལྟར་ཉམས་སུ་ལེན་པའི་བློ་གང་རུང་ངོ་། །ཞེས་དང་། དཀའ་བཞི་བ་བསོད་ནམས་བཟང་བོའི་ཕར་ཕྱིན་དོན་བསྡུས་ལས། ཐེག་ཆེན་གདམས་ངག་གི་མཚན་ཉིད། སེམས་བསྐྱེད་ཀྱི་ཐེག་ཆེན་དོན་དུ་གཉེར་བྱའི་དོན་རྟོགས་ཤིང་ཐོབ་པར་བྱེད་པའི་ཐབས་སངས་རྒྱས་ཀྱིས་དངོས་སུ་འདོམས་པའི་ངག ཅེས་དང་། ཏྭ་ར་ནྭ་ཐའི་སྔོན་མེད་ལེགས་བཤད་ལས། གདམས་ངག་ཅེས་བྱ་བ་ནི་དངོས་བསྟན་ལྟར་ན་འདོམས་པའི་ངག་ཚིག་ལ་ཟེར་ཡང་འབྲས་བུ་ལ་རྒྱུའི་མིང་བཏགས་ནས་དེའི་དངོས་ཀྱི་གྲུབ་འབྲས་སློབ་མའི་རྒྱུད་ལ་སྐྱེས་པ་ལ་བྱའོ། །མཚན་གཞི་ནི། ཐེག་ཆེན་གྱི་བཀའ་དང་བསྟན་བཅོས་ཐམས་ཅད་དོ། །ཞེས་དང་། ཀུན་མཁྱེན་དོལ་བོའི་ཕར་ཕྱིན་མདོ་ལུགས་མ་ལས། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །ནས། བསྒོམ་ཞེས་བྱ་བའི་ཚིག་ལ་གདམས་པའི་ངག་ནི་བཅུའི་བདག་ཉིད་དུ་ཤེས་པར་བྱའོ། །སྒྲ྄་བཤད་ནི། ཐེག་པ་ཆེན་པོ་ལ་གདམས་དོན་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པའི་ངག་གམ་ཐེག་ཆེན་གྱི་ཡོན་ཏན་རྣམས་གོང་ནས་གོང་དུ་འཕེལ་བྱེད་ཀྱི་ངག་ཞིག་ལ་བྱེད། ཅེས་དང་། དབྱེ་བ་ནི། ཉ་དཔོན་ཀུན་དགའ་དཔལ་གྱི་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། གདམས་ངག་གང་ཞིག ཐོབ་ཟིན་པའི་ཡོན་ཏན་སྐྱོང་བའི་དོན་གྱིས་མི་བརྗེད་པར་བྱེད་པ་གདམས་ངག་གདམས་པ། གང་ཞིག་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་པ་རྗེས་བསྟན་ནོ། །ཞེས་བྱུང་། |
{{#arraymap:ཐེག་ཆེན་གྱི་གདམས་ངག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བཀྲས་ལྷུན་ཐོས་གླིང་གི་ཡིག་ཆར། ཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་གཉེར་བྱའི་དོན་བསྒྲུབ་པའི་ཐབས་མ་ནོར་བར་འདོམས་པའི་བརྗོད་བྱེད་རྣམ་དག་དེའོ། དེ་ལ་དབྱེ་ན། བྱེད་ལས་ཀྱི་སྒོ་ནས་གདམས་པ་དང༌། རྗེས་བསྟན་གཉིས། ཡུལ་གྱི་སྒོ་ནས་རྣམ་པ་བཅུའོ། །ཡོན་ཏན་མི་ཉམས་པའི་ཕྱིར་དུ་གདམས་པའི་གདམ་ངག་རྣམས་ནི། གདམས་པ་ཡིན་ལ། ཡང་ཐོབ་ཕྱིར་དུ་གདམས་པའི་གདམས་ངག་རྣམས་ནི་རྗེས་བསྟན་ཡིན་ཏེ། འགྲེལ་ཆེན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་ལ་སོགས་པ་རྣམ་པ་བཅུ་པོ་གང་ལ་དང་པོར་ཐོབ་པའི་ཡོན་ཏན་ཡོངས་སུ་བསྲུང་བའི་དོན་གྱིས་མི་ཉམས་པར་བྱ་བའི་ཕྱིར་སླབས་པས་གདམས་པར་བགྱིས་ཤིང༌། དེ་ནས་ཕྱིས་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར་རྗེས་སུ་བསྟན་པར་བགྱི་སྟེ། ཞེས་གསུངས་པའི་དོན་ཏོ། ། |
{{#arraymap:ཐེག་ཆེན་གྱི་གདམས་ངག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་གང་རུང་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་ཐེག་ཆེན་གྱི་རྗོད་བྱེད་རྣམ་དག་ཏུ་དམིགས་པ། དེ་ལ་དགོས་པའི་སྒོ་ནས་དབྱེ་ན། གདམས་པའི་ཐེག་ཆེན་གྱི་གདམས་ངག་དང། རྗེས་བསྟན་གྱི་ཐེག་ཆེན་གྱི་གདམས་ངག་གཉིས། གདམས་པའི་ཐེག་ཆེན་གྱི་གདམས་ངག རང་གི་ཆེད་དུ་བྱ་བའི་གདུལ་བྱ་ལ་སྔར་ཐོབ་པའི་ཡོན་ཏན་མི་ཉམས་པར་གོང་ནས་གོང་དུ་འཕེལ་བའི་ཆེད་དུ་བསྟན་པའི་ཐེག་ཆེན་གྱི་གདམས་ངག་ཏུ་དམིགས་པ། མཚན་གཞི། བརྒྱད་སྟོང་པ་དང། བསྟན་བཅོས་མངོན་རྟོགས་རྒྱན་ལྟ་བུའོ། །གྲངས་ངེས། སྐབས་འདིར་བསྟན་གྱི་གདམས་ངག་དེ་ལ་བཅུར་གྲངས་ངེས་ཏེ། འདིར་བསྟན་གདམས་དོན་བཅུ་པོ་དེས་ཐེག་ཆེན་དུ་སེམས་བསྐྱེད་པའི་གང་ཟག་རྣམས་ཀྱིས་འདོད་དོན་ཐམས་ཅད་ཕུན་སུམ་ཚོགས་པར་སྒྲུབ་ནུས་པའི་ཕྱིར། ས་མཚམས། དེ་འཆད་པའི་ས་མཚམས་ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ཡོད་ཅིང། ཉན་པའི་ས་མཚམས་དེ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ན་ཡོད་ཀྱི། དེ་དངོས་སུ་ཉན་བཞིན་པའི་རྒྱུན་མཐའ་བ་མེད་དེ། རྒྱུན་མཐའ་བ་རྣམས་ཀྱིས་དེ་དངོས་སུ་ཉན་པ་ལ་མ་ལྟོས་པར་རང་བྱུང་གི་ཡེ་ཤེས་མངོན་དུ་བྱེད་པར་ངེས་པའི་ཕྱིར། |
{{#arraymap:ཐེག་ཆེན་གྱི་གདམས་ངག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བཀྲས་ལྷུན་ཤར་རྩེའི་ཡིག་ཆར། རང་གི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པའི་ཐེག་ཆེན་གྱི་རིགས་ཅན་ལ་གཙོ་བོར་རང་གི་ཉིང་དགོས་ཐོབ་བྱེད་ཀྱི་ཐབས་སྟོན་པའི་གདམས་ངག། དེ་ལ་དབྱེ་ན། སྔར་ཐོབ་ཟིན་གྱི་ཡོན་ཏན་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་འདོམས་པའི་གདམས་ངག་དང། རྗེས་བསྟན་གྱི་དེ་གཉིས་ཡོད་པ་ལས། སྔར་ཐོབ་ཟིན་གྱི་ཡོན་ཏན་གོང་འཕེལ་དུ་འདོམས་པའི་གདམས་ངག་དེ་དང་པོ་དང། སྔར་མ་ཐོབ་པའི་ཡོན་ཏན་གསར་དུ་ཐོབ་ཕྱིར་དུ་སྟོན་པའི་གདམས་ངག་དེ་གཉིས་པ་ཡིན། གདམས་ངག་ཉན་པ་པོའི་ས་མཚམས། ལམ་མ་ཞུགས་ནས་ས་བཅུའི་བར་ཡོད། གདམས་ངག་ཉན་པ་པོའི་རྒྱུན་མཐའ་བ་མེད་དེ། རྣམ་མཁྱེན་ཐོབ་བྱེད་ཀྱི་ཐབས་སྟོན་དགོས་ཀྱི་རྒྱུན་མཐའ་བ་མེད་པའི་ཕྱིར། གདམས་ངག་འཆད་པ་པོའི་ས་མཚམས། ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། |
{{#arraymap:ཐེག་ཆེན་གྱི་གདམས་ངག་
|; |@@@ | | }}