22537

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐེག་ཆེན་གྱི་ཚོགས་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། རྣམ་གྲོལ་གྱི་འཇུག་ངོགས་རྣམ་པར་མི་རྟོག་པ་སྤྱིའི་ཚུལ་གྱིས་ཐོག་མར་སྒོམ་པའོ། །དབྱེ་ན་གསུམ་ཏེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །དང་པོ་ནི། དྲན་པ་ཉེར་གཞག་བཞི་བསྒོམ་པ་སྦྱོར་ལམ་ལ་འཇུག་པར་མི་ངེས་པའོ། །གཉིས་པ་ནི། ཡང་དག་པར་སྤོང་པ་བཞི་སྒོམ་པ་སྦྱོར་ལམ་ལ་འཇུག་པའི་དུས་ངེས་པའོ། །གསུམ་པ་ནི། རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པའི་ཚེ་དེ་ཉིད་ལ་སྦྱོར་ལམ་དྲོད་སྐྱེ་བར་ངེས་པའོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:ཐེག་ཆེན་གྱི་ཚོགས་ལམ་

|; |@@@ | | }}

ཐེག་ཆེན་གྱི་ཚོགས་ལམ་ (2)
Part of speech མིང་ཚིག
Definition ཐབས་ཁྱད་པར་ཅན་གྱི་ཟིན་པས་སེམས་དཔའི་ཆོས་མངོན་རྟོགས་སུ་དམིགས་པ། ཐེག་ཆེན་ཚོགས་ལམ་གྱི་མཚན་ཉིད། དེ་ཐེག་ཆེན་གྱི་ཐར་པ་ཆ་མཐུན་གྱི་མཚན་ཉིད་ཀྱང་ཡིན་ནོ། །དབྱེ་ན། ཐེག་ཆེན་ཚོགས་ལམ་ཆུང་འབྲིང་ཆེན་པོ་གསུམ་ཡོད། ས་མཚམས། ཐེག་ཆེན་ཚོགས་ལམ་ཁོ་ནར་ཡོད།

{{#arraymap:ཐེག་ཆེན་གྱི་ཚོགས་ལམ་

|; |@@@ | | }}