From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཐེག་ཆེན་གྱི་སྒོམ་ལམ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། མཚན་ཉིད་ནི། ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་རྫོགས་རྗེས་སུ་བྱུང་ཞིང་ཐེག་ཆེན་གྱི་མི་སློབ་ལམ་མ་སྐྱེས་གོང་གི་ཐེག་ཆེན་སྐྱེས་བུའི་རྒྱུད་ཀྱི་མངོན་པར་རྟོགས་པའོ། །ས་མཚམས་ཀྱི་སྒོ་ནས་དབྱེ་ན། ས་དང་པོས་བསྡུས་པའི་ཐེག་ཆེན་གྱི་སྒོམ་ལམ་དང་། ས་དགུས་བསྡུས་པའི་ཐེག་ཆེན་གྱི་སྒོམ་ལམ་གཉིས་ལས། དང་པོ་ལ། མཐོང་ལམ་ཁྱད་པར་ལམ་གྱི་ངོ་བོར་གྱུར་པའི་སེང་གེ་རྣམ་བསྒྱིངས་དང་། རྗེས་ཐོབ་རྟེན་འབྲེལ་ལ་རྟོག་པའི་གནས་སྐབས་ཀྱི་མཁྱེན་པ་དང་། མཐོང་ལམ་མཉམ་གཞག་གིས་དྲངས་པའི་ངེས་ཤེས་དང་། སངས་རྒྱས་བརྒྱ་ལས་ཆོས་མཉན་པའི་གནས་སྐབས་ཀྱི་ཐོས་བསམ་གྱིས་བསྡུས་པའི་མཁྱེན་པ་དང་། གདུལ་བྱ་བརྒྱ་ལ་ཆོས་འཆད་པའི་གནས་སྐབས་ཀྱི་ལྷག་བསམ་གྱི་མཁྱེན་པ་དང་། ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་པའི་གནས་སྐབས་ཀྱི་སྙོམས་འཇུག་ལ་སོགས་དཔག་ཏུ་མེད་པ་ཡོད་པས་ཐུགས་རྩོལ་ཆེ་བར་མཛོད་ཅིག གཉིས་པ་ལ། ངོ་བོའི་སྒོ་ནས་དབྱེ་ན། རྗེས་ཐོབ་དང་མཉམ་གཞག་གཉིས། འདི་ལ་འཕགས་སེང་གཉིས་ཀྱིས་ཟག་བཅས་སྒོམ་ལམ་དང་། ཟག་མེད་སྒོམ་ལམ་གྱི་ཐ་སྙད་མཛད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས། པཎ་ཆེན་ཤཱཀྱ་མཆོག་གིས། ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་རྒྱུད་ལྡན་དུ་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ། ཐེག་ཆེན་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་དང། ཟག་མེད་སྒོམ་ལམ་གཉིས་སོ། །ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
ཐེག་ཆེན་གྱི་སྒོམ་ལམ་ (2)
| Part of speech
|
མིང་ཚིག
|
| Definition
|
ཐེག་ཆེན་གྱི་སྒོམ་ལམ་གྱི་མཚན་ཉིད་ནི། ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། དེ་ལ་དབྱེ་ན། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་དང། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གཉིས་སུ་ཡོད། སྤྱིར་ཟག་བཅས་ཟག་མེད་ཀྱི་ཁྱད་པར་ལ། ཟག་བཅས་ཟག་པ་མེད་ཆོས་དང་། ཞེས་ཉོན་མོངས་པའི་ཟག་པ་ལ་ཟག་བཅས་སུ་བཤད་པ་དང། ཚིགས་གསལ་ལས། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བྱེ་བྲག་ནི་རྣམ་པར་རྟོག་པ་དང་བཅས་པ་དང། དེ་དང་བྲལ་བ་གཙོ་བོར་གྱུར་བའོ། ཞེས་རྟོག་པར་གྱུར་པའི་ཤེས་པ་ལ་ཟག་བཅས་སུ་བཤད་པ་སོགས་དུ་མ་ཡོད་པ་ལས། འདིར་ཕྱི་མའི་དབང་དུ་བྱས་པ་ཡིན་ལ། ས་མཚམས་ནི། ས་དང་པོ་ནས་རྒྱུན་མཐའི་བར་ན་ཡོད།
|