22572

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐེག་ཆེན་གྱི་སྦྱོར་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བཀྲས་ལྷུན་ཐོས་གླིང་ཡིག་ཆར། དེས་ན་འདིར་དངོས་བསྟན་གྱི་གཙོ་བོར་གྱུར་བའི་སྦྱོར་ལམ་ནི་སྟོང་པ་ཉིད་ཀྱི་དོན་སྤྱི་ལེགས་པར་ཤར་བའི་སྒོ་ནས་སྟོང་ཉིད་བསྒོམ་པར་བྱེད་པའི་དྲན་པ་བཅད་ཤེས་ཡིན་ལ། སྤྱིར་ནི། མངོན་སུམ་རྗེས་དཔག་ཡིད་དཔྱོད་རྣམས་ཡོད་དོ། །བྱང་སེམས་ཀྱི་སྦྱོར་ལམ་དྲོད་སོགས་བཞི་པོ་ཆོས་ཅན། ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་ཆོས་ལྔའམ་དྲུག་གི་སྒོ་ནས་ཁྱད་པར་དུ་འཕགས་ཏེ། དམིགས་པ། རྣམ་པ། རྒྱུ་བྱེད་ཚུལ། ཡོངས་སུ་འཛིན་ཚུལ། སྤང་བྱ་སྤོང་ཚུལ། དབྱེ་བའི་རང་བཞིན་སོགས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:ཐེག་ཆེན་གྱི་སྦྱོར་ལམ་

|; |@@@ | | }}

ཐེག་ཆེན་གྱི་སྦྱོར་ལམ་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་ཐེག་ཆེན་གྱི་དོན་མངོན་རྟོགས། དེ་ལ་དབྱེ་ན། དེའི་སྦྱོར་ལམ་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་དང་བཞི། རྟེན། ངན་སོང་གསུམ་དང༌། སྒྲ་མི་སྙན་པའི་རྟེན་ལ་ཐེག་ཆེན་གྱི་སྦྱོར་ལམ་གསར་དུ་སྐྱེ་བ་མེད་དེ། དེ་རྣམས་རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེན་པོ་དང་ལྡན་པའི་ཕྱིར། ཟ་མ་དང་མ་ནིང་གི་རྟེན་ལ་དེ་གསར་དུ་སྐྱེ་བ་མེད་དེ། དེ་དག་ཉོན་མོངས་པའི་སྒྲིབ་པ་ཤས་ཆེན་པོ་དང་ལྡན་པའི་ཕྱིར། མཚམས་མེད་ཀྱི་ལས་བསགས་ལ་མ་བྱང་བ་རྣམས་ཀྱི་རྟེན་ལ་དེ་གསར་དུ་སྐྱེ་བ་མེད་དེ། དེ་རྣམས་ལས་ཀྱི་སྒྲིབ་པ་ཤས་ཆེན་པོ་དང་ལྡན་པའི་ཕྱིར། དེས་ན་དེ་དག་མ་གཏོགས་པའི་འདོད་པའི་ལྷ་མི་གཉིས་དང༌། གཟུགས་ཁམས་པ་རྣམས་ཀྱི་རྟེན་ལ་དེ་གསར་དུ་སྐྱེ་རུང་བ་ཡིན་ཏེ། མཛོད་ལས། ངེས་འབྱེད་ཆ་མཐུན་རྣམ་པ་བཞི། །སྒོམ་བྱུང་མི་ལྕོགས་མེད་པ་དང༌། །ཁྱད་པར་བསམ་གཏན་ས་པའོ། །ཞེས་གསུངས་པ་ལྟར། དེ་རང་གི་སེམས་རྟེན་ཏུ་གྱུར་པའི་བསམ་གཏན་ས་དྲུག་ཅི་རིགས་པ་ལ་བརྟེན་ནས་གསར་དུ་སྐྱེ་བ་ཡིན་ནོ། །ཐེག་ཆེན་གྱི་སྦྱོར་ལམ་ཐེག་དམན་གྱི་དེ་ལས་ཁྱད་པར་དུ་འཕགས་ཚུལ། དམིགས་པ་དང་ཞེས་སོགས་ཀྱི་ངག་དོན་ནི། ཐེག་ཆེན་གྱི་སྦྱོར་ལམ་བཞི་ཆོས་ཅན། ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་ཆོས་ལྔའི་སྒོ་ནས་ཁྱད་པར་དུ་འཕགས་ཏེ། དེ་ལས་དམིགས་པ། རྣམ་པ། རྒྱུ་བྱེད་ཚུལ། ཡོངས་སུ་འཛིན་ཚུལ། སྤང་བྱ་སྤོང་ཚུལ་རྣམས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཕྱིར། དང་པོ་གྲུབ་སྟེ། དེས་བདེན་བཞིའི་ཁྱད་ཆོས་མི་རྟག་ལ་སོགས་བཅུ་དྲུག་ལ་སྒྲོ་འདོགས་གཅོད་ཚུལ་གྱི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་དམིགས་པར་བྱེད། ཅིག་ཤོས་ཀྱིས་མི་བྱེད་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་རང་གི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་སྒྲིབ་པ་སྤོང་བའི་མཉམ་གཞག་རང་དུས་ན་སྟོང་ཉིད་ཀྱི་རྣམ་པ་ཅན་ཡིན་ཅིང༌། ཅིག་ཤོས་དེ་ལྟར་མ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ལྟ་བུས་རང་གི་ཉེར་ལེན་བྱས་པ་ལས་བྱུང་བའི་ཐེག་པ་གསུམ་ཆར་གྱི་ཉམས་ལེན་ཆ་ཚང་བའི་ཐེག་ཆེན་གྱི་མཐོང་ལམ་གྱི་ཉེ་རྒྱུ་བྱེད། ཐེག་དམན་གྱི་སྦྱོར་ལམ་ཆོས་མཆོག་སོགས་ཀྱིས་དེ་ལྟར་མི་བྱེད་པའི་ཕྱིར། བཞི་པ་གྲུབ་སྟེ། དེ་རྒྱུད་ལྡན་གྱི་རྟེན་གྱི་གང་ཟག་དེ་སྟོན་པ་མཆོག་གི་སྤྲུལ་ སྐུས་ཐབས་ཤེས་ཀྱི་ལམ་རྫོགས་པར་ཡོངས་སུ་འདོམས་པའི་སྒོ་ནས་ཡོངས་སུ་འཛིན་པར་བྱེད། ཅིག་ཤོས་རྒྱུད་ལྡན་གྱི་གང་ཟག་དེས་དེ་ལྟར་མི་བྱེད་པའི་ཕྱིར། ལྔ་པ་གྲུབ་སྟེ། དེས་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཀུན་བརྟགས་མངོན་གྱུར་བ་བཞི་རང་སྟོབས་ཀྱིས་མགོ་གནོན་པར་བྱེད་ཅིང་བཞི་པོ་དེའི་ས་བོན་སྤོང་བར་བྱེད་པའི་མཐོང་ལམ་བར་ཆད་མེད་ལམ་རང་སྟོབས་ཀྱིས་འདྲེན་པར་བྱེད། ཅིག་ཤོས་ཀྱིས་དེ་ལྟར་མི་བྱེད་པའི་ཕྱིར་རོ།། ཐེག་ཆེན་གྱི་སྦྱོར་ལམ་བློ་རིགས་གང་ཡིན་དཔྱད་པ། དམན་ལམ་སྔོན་དུ་མ་སོང་བའི་སྟོང་ཉིད་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་དེ་ཉིད་སྟོང་ཉིད་རྟོགས་པའི་དཔྱད་ཤེས་ཀྱི་རྒྱུན་གོམས་པའི་མི་བསླུ་བའི་ཤེས་པར་འཇོག་པ་ཡིན་ནོ། །འོ་ན་སྟོང་ཉིད་རྟོགས་པའི་ལམ་འདི་དག་གིས་སྟོང་ཉིད་དེ་ལ་དམིགས་ཚུལ་ཇི་ལྟ་བུ་ཞེ་ན། ཐེག་ཆེན་གྱི་ཚོགས་ལམ་གྱི་གནས་སྐབས་ཀྱི་སྟོང་ཉིད་རྟོགས་པའི་ཐོས་བསམ་གཙོ་བོར་གྱུར་པའི་བློ་དེས་ཡུལ་ཡུལ་ཅན་ཐ་དད་དུ་སྣང་བའི་གཉིས་སྣང་རགས་པ་དང་བཅས་པའི་སྒོ་ནས་སྟོང་ཉིད་ལ་དམིགས། ཐེག་ཆེན་གྱི་སྦྱོར་ལམ་གྱིས་བསྡུས་པའི་སྟོང་ཉིད་རྟོགས་པའི་སྒོམ་བྱུང་གཙོ་བོར་གྱུར་པའི་ལམ་འདི་དག་གིས་སྟོང་ཉིད་ལ་དམིགས་པའི་ཚེ་གཉིས་སྣང་ཅུང་ཟད་ཡོད་ཀྱང་སྔར་བཤད་པ་ལྟར་གྱི་གཉིས་སྣང་རགས་པ་མེད་པར་སྟོང་ཉིད་ལ་ཆུ་ལ་ཆུ་བཞག་པ་ལྟར་དུ་འགྱུར་ལ་ཁད་པ་ལྟ་བུར་སྣང་ཞིང༌། དེ་ཡང་ཐེག་ཆེན་གྱི་སྦྱོར་ལམ་དྲོད་རྩེ་གཉིས་ཀྱི་གནས་སྐབས་སུ་སྟོང་ཉིད་ལ་དམིགས་པའི་ཚེ་གཉིས་སྣང་ཅུང་ཟད་ཡོད་པ་ལྟར་མྱོང་སྟོབས་ཀྱིས་ངེས་ནུས། ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ནས་སྟོང་ཉིད་ལ་དམིགས་པའི་ཚེ་གཉིས་སྣང་ཅུང་ཟད་ཡོད་ཀྱང་ཡོད་པ་ལྟར་མྱོང་སྟོབས་ཀྱིས་ངེས་མི་ནུས་པ་ཡིན་པས་དེ་ལ་དགོངས་ནས། ཉན་ས་ལས། གཉིས་སྣང་ནུབ་པ་ལྟར་སྣང་གི་ནུབ་པ་ཉིད་དུ་ནི་མ་ཡིན་ནོ། །ཞེས་གསུངས། ཚོགས་ལམ་ནས་སྦྱོར་ལམ་དུ་འཕོ་བའི་ཚད། ཞི་གནས་ཀྱིས་སྟོང་ཉིད་ལ་མཉམ་པར་བཞག་བཞིན་པའི་ངང་ནས་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱད་སྒོམས་བྱས་པའི་སྟོབས་ཀྱིས་སླར་ཡང་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ཐོབ་པའི་ཚེ་སྟོང་ཉིད་ལ་དམིགས་པའི་ལྷག་མཐོང་དང༌། དེ་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ཐོབ་པར་འཇོག་ཅིང༌། དམན་ལམ་སྔོན་དུ་མ་སོང་བའི་དབང་དུ་བྱས་ན་དེའི་ཚེ་ཐེག་ཆེན་གྱི་སྦྱོར་ལམ་དུ་འཕོས་པར་འཇོག་ལ། དེ་ཡང་བསྡུ་ན། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་ལ་གནས་པའི་སེམས་དཔའ་དེས་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ཞི་ལྷག་ཟུང་འབྲེལ་ནམ་ཐོབ་པའི་ཚེ་དེ་ཐེག་ཆེན་གྱི་སྦྱོར་ལམ་དུ་འཕོས་པར་འཇོག་པ་ཡིན་ནོ།།

{{#arraymap:ཐེག་ཆེན་གྱི་སྦྱོར་ལམ་

|; |@@@ | | }}

ཐེག་ཆེན་གྱི་སྦྱོར་ལམ་ (3)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཐབས་ཁྱད་པར་ཅན་བསམ་པ་ཕུན་ཚོགས་ཀྱི་རྟོགས་རིགས་ཀྱིས་བསྡུས་པའི་ཐེག་ཆེན་གྱི་དོན་མངོན་རྟོགས་སུ་དམིགས་པ། སྐབས་བཞི་པའི་དངོས་སུ་བསྟན་པའི་ཐེག་ཆེན་གྱི་སྦྱོར་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན ཁོ་རང་ཡིན་པར་གྱུར་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་དང་བཞི་ཡོད། སྐབས་འདིར་ཐབས་ཀྱི་ཆས་བསྡུས་པའི་དེའི་སྦྱོར་ལམ་དངོས་སུ་བསྟན་ཅིང་ཤེས་རབ་ཀྱི་ཆས་བསྡུས་པའི་སྦྱོར་ལམ་དངོས་སུ་མི་སྟོན་པའི་ཕྱིར།

{{#arraymap:ཐེག་ཆེན་གྱི་སྦྱོར་ལམ་

|; |@@@ | | }}

ཐེག་ཆེན་གྱི་སྦྱོར་ལམ་ (4)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆར། སྟོང་ཉིད་རྟོགས་པའི་ལྷག་མཐོང་གིས་ཟིན་པའི་ཐེག་ཆེན་གྱི་དོན་མངོན་རྟོགས། ལུས་རྟེན་དང། སེམས་རྟེན་གཉིས། དང་པོ་ནི། ངན་སོང་བ་དང༌། སྒྲ་མི་སྙན་པ་དང༌། ལྷ་མ་ཡིན། ཟ་མ་དང༌། མ་ནིང༌། ཆོས་སྤོང་གི་ལས་སྟོབས་ཆེན་བསགས་ལ་མ་སྦྱངས་པ། མཚམས་མེད་ཀྱི་ལས་སྟོབས་ཆེན་བསགས་ལ་མ་སྦྱངས་པ་རྣམས་ཀྱི་རྟེན་ལ། སྦྱོར་ལམ་གསར་དུ་སྐྱེ་བ་མེད་དེ། དེ་རྣམས་དེ་སྐྱེ་བའི་གེགས་འགལ་རྐྱེན་གྱི་སྒྲིབ་པ་འཐུག་པོས་སྒྲིབ་པ་ཡིན་པའི་ཕྱིར་ཏེ། དེ་དང་མཚམས་མེད་ཀྱི་ལས་སྟོབས་ཆེན་བསགས་ལ་མ་སྦྱངས་པའི་སྐྱེས་བུ་རྣམས་ལས་ཀྱི་སྒྲིབ་པ་ཤས་ཆེ་བ་ཡིན་པའི་ཕྱིར། དེ་རྣམས་མ་གཏོགས་གླིང་གསུམ་གྱི་སྐྱེས་པ་དང༌། བུ་མེད། འདོད་ལྷ་རིགས་དྲུག་དང་བཅས་པའི་རྟེན་ལ། དེ་གསར་དུ་སྐྱེ་བ་ཡོད་དོ། །ཁམས་གོང་གི་རྟེན་ལ། རང་རྒྱལ་གྱི་ཚོགས་སྦྱོར་གྱི་ལམ་ལ་སོགས་པ་རང་རྒྱལ་གྱི་མངོན་རྟོགས་གང་ཡང་སྐྱེ་བ་མེད་དེ། །རང་རྒྱལ་ཡིན་ན། འདོད་པའི་རྟེན་ཅན་ཡིན་དགོས་པའི་ཕྱིར། གཟུགས་མེད་ཀྱི་རྟེན་ལ་ཚོགས་ལམ་དང་སྦྱོར་ལམ་གང་ཡང་སྐྱེ་བ་མེད་དེ། དེའི་རྟེན་ལ་སྙིང་རྗེ་ཆེན་པོ་དང་ཐེག་ཆེན་སེམས་བསྐྱེད་གསར་དུ་སྐྱེ་བ་མེད་པའི་ཕྱིར། དེའི་རྟེན་ཅན་གྱི་སེམས་ཅན་ཕན་ཚུན་གཅིག་གིས་གཅིག་མངོན་སུམ་དུ་རྟོགས་པར་མི་ནུས་པའི་ཕྱིར། གཟུགས་ཁམས་ཀྱི་རྟེན་ལ་ཉན་ཐོས་ཀྱི་སྦྱོར་ལམ་དྲོད་རྩེ་བཟོད་པ་གསུམ་ཐེག་ཆེན་གྱི་དེ་གསུམ་གསར་དུ་སྐྱེ་བ་ཡོད་དེ། སྙིང་པོའི་རྒྱན་ལས། ཆོས་མཆོག་དངོས་སུ་སྐྱེ་བའི་རྟེན་མིན་ཡང༌། དྲོད་དང་རྩེ་མོ་གཟུགས་ཁམས་པ་འགའ་ཞིག་ལ་ཡང་སྐྱེ་བར་མངོན་ནོ། །ཞེས་གསུངས་པས། དེའི་ཚིག་ཟུར་གྱི་དྲོད་དང་རྩེ་མོ་གཟུགས་ཁམས་པ་འགའ་ཞིག་ལ་སྐྱེ་བ་མངོན་ནོ། །ཞེས་པས། གཟུགས་ཁམས་ཀྱི་རྟེན་ལ་སྦྱོར་ལམ་དྲོད་རྩེ་གཉིས་གསར་དུ་སྐྱེ་བ་ཡོད་པར་དངོས་སུ་བསྟན་ཅིང༌། ཆོས་མཆོག་དངོས་སུ་སྐྱེ་བའི་རྟེན་མིན་ཡང༌། ཞེས་པས། གཟུགས་ཁམས་ཀྱི་རྟེན་ལ་སྦྱོར་ལམ་ཆོས་མཆོག་གསར་དུ་སྐྱེ་བ་མེད་པར་དངོས་སུ་བསྟན་པའི་ཤུགས་ལ། དེའི་རྟེན་ལ་བཟོད་པ་གསར་དུ་སྐྱེ་བ་ཡོད་པར་བསྟན་པའི་ཕྱིར། ཁ་ཅིག གཟུགས་ཁམས་ཀྱི་རྟེན་ལ་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་གསར་དུ་སྐྱེ་བ་མེད་ཀྱང༌། ཉན་ཐོས་ཀྱི་དེ་གསར་དུ་སྐྱེ་བ་ཡོད་ཅེ་ན། འོ་ན། དེ་ལྟར་ན་སྔར་གྱི་ལུང་སྔ་མ་ཆོས་མཆོག་དངོས་སུ་སྐྱེ་བའི་རྟེན་མིན་ཡང༌། ཞེས་པས། གཟུགས་ཁམས་ཀྱི་རྟེན་ལ་ཐེག་ཆེན་གྱི་ཆོས་མཆོག་གསར་དུ་སྐྱེ་བ་མེད་པར་དངོས་སུ་བསྟན་ཅིང༌། ཐེག་དམན་གྱི་དེ་གསར་དུ་སྐྱེ་བ་མེད་པར་མ་བསྟན་པར་ཁས་ལེན་དགོས་ཤིང༌། དེ་ལྟར་ཁས་ལེན་ན་སྔར་གྱི་ལུང་དེའི་ཚིག་ཟུར་ཕྱི་མ་དྲོད་དང་རྩེ་མོ་ཞེས་སོགས་ཀྱི་གཟུགས་ཁམས་ཀྱི་རྟེན་ལ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་རྩེ་གསར་དུ་སྐྱེ་བ་ཡོད་པར་དངོས་སུ་བསྟན་ཅིང༌། ཐེག་དམན་གྱི་དེ་གསར་དུ་སྐྱེ་བ་ཡོད་པར་དངོས་སུ་མ་བསྟན་པར་ཁས་ལེན་དགོས་པར་ཐལ་བའི་སྐྱོན་ཡོད་དོ། །སེམས་རྟེན་བཤད་པ་ལ། གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཉན་ཐོས་ཀྱི་སྦྱོར་ལམ་སྐད་ཅིག་དང་པོ་དེ་ལ། རང་གི་སེམས་རྟེན་དུ་གྱུར་པའི་བསམ་གཏན་དང་པོའི་ཉེར་བསྡོགས་ཟག་མེད་ལ་བརྟེན་ནས་བྱུང་བའི་གང་ཟག་གི་བདག་མེེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཉན་ཐོས་ཀྱི་སྦྱོར་ལམ་སྐད་ཅིག་དང་པོ་ཡོད་པ་ནས། རང་གི་སེམས་རྟེན་དུ་གྱུར་པའི་བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་ལ་བརྟེན་ནས་བྱུང་བའི་གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཉན་ཐོས་ཀྱི་སྦྱོར་ལམ་སྐད་ཅིག་དང་པོའི་བར་དྲུག་ཀ་ཡོད་དེ། བསམ་གཏན་དང་པོའི་ཉེར་བསྡོགས་ཟག་མེད་ལ་བརྟེན་ནས་གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཉན་ཐོས་ཀྱི་སྦྱོར་ལམ་བསྒྲུབ་པ་ཡོད་པ་ནས། བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་ལ་བརྟེན་ནས་དེ་བསྒྲུབ་པའི་བར་དྲུག་ཀ་ཡོད་པའི་ཕྱིར་རོ། །ཚོགས་སྤྱོད་ཀྱི་རང་རྒྱལ་གྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་སྐད་ཅིག་དང་པོ་ཡིན་ན། རང་གི་སེམས་རྟེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ལ་བརྟེན་ནས་བྱུང་བས་ཁྱབ་སྟེ། ཚོགས་སྤྱོད་རང་རྒྱལ་ཚོགས་ལམ་ཐ་མ་པ་དེ་ཡིན་ན། བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ཐོབ་པས་ཁྱབ་པའི་ཕྱིར་ཏེ། རང་རྒྱལ་རྣམས་ཉན་ཐོས་ལས་ཆེས་དབང་པོ་རྣོ་བ་ཡིན་པའི་ཕྱིར། བསེ་རུ་ལྟ་བུའི་རང་རྒྱལ་གྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་སྐད་ཅིག་དང་པོ་དང༌། བྱང་སེམས་ཀྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་སྐད་ཅིག་དང་པོ་གང་རུང་ཡིན་ན། རང་གི་སེམས་རྟེན་དུ་གྱུར་པའི་བསམ་གཏན་བཞི་པའི་དངོས་གཞིའི་སེམས་ལ་བརྟེན་ནས་བྱུང་བས་ཁྱབ་སྟེ། བསེ་རུ་ལྟ་བུའི་རང་རྒྱལ་ཚོགས་ལམ་ཐ་མ་པ་དེས་བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་ལ་བརྟེན་ནས་རང་རྒྱལ་གྱི་སྦྱོར་ལམ་ནས་དེའི་བྱང་ཆུབ་བར། ཚེ་གཅིག་ལ་མངོན་དུ་བྱེད་ཅིང༌། བྱང་སེམས་ཚོགས་ལམ་ཐ་མ་པ་དེས་ཀྱང་བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་ལ་བརྟེན་ནས་བྱང་སེམས་ཀྱི་སྦྱོར་ལམ་ནས། སངས་རྒྱས་ཀྱི་བྱང་ཆུབ་ཀྱི་བར་ཚེ་གཅིག་ལ་མངོན་དུ་བྱེད་པ་ཡིན་པའི་ཕྱིར་ཏེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་བར། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། རྩ་བའི་དམ་བཅའ་དེ་འཐད་པར་ཐལ། བསེ་རུ་ལྟ་བུའི་རང་རྒྱལ་ཚོགས་ལམ་ཐ་མ་པ་དང༌། བྱང་སེམས་ཚོགས་ལམ་ཐ་མ་པ་གཉིས་པོ་དེས་བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་ཐོབ་པ་གང་ཞིག དེ་དག་གིས་སྙོམས་འཇུག་གཞན་རྣམས་ལ་བརྟེན་ནས་ལམ་གོང་མ་རྣམས་བསྒྲུབ་པ་ལས། བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་ལ་བརྟེན་ནས་དེ་བསྒྲུབ་སླ་བ་ཡིན་པའི་ཕྱིར་ཏེ། བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་དེ་སྙོམས་འཇུག་གཞན་རྣམས་ལ་ལྟོས་ཏེ་ཞི་ལྷག་ཆ་སྙོམས་པ་ཡིན་པའི་ཕྱིར་ཏེ། མཛོད་ལས། བསམ་གཏན་དག་གི་ལམ་རྣམས་སླ། །ས་གཞན་དག་གིས་དཀའ་བ་ཡིན། །ཞེས་གསུངས་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་སྐད་ཅིག་དང་པོ་དེ་གསར་དུ་བསྒྲུབ་ཚུལ་ཇི་ལྟར་ཡིན་ཞེ་ན། དེའི་ཚུལ་ཡོད་དེ། ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་སྐད་ཅིག་དང་པོ་དང་མཉམ་གཞག་ཐུན་གཅིག་ཏུ་གྱུར་པའི་མཉམ་གཞག་ཡེ་ཤེས་ལ་གནས་པ་ལ་མངོན་དུ་ཕྱོགས་པའི་ཐེག་ཆེན་གྱི་ཚོགས་ལམ་ཐ་མ་པ་དེས། དང་པོར་བསམ་གཏན་བཞི་པའི་སྙོམས་འཇུག་དག་པ་བ་དེ་མངོན་དུ་བྱས་ཏེ། དེའི་ངང་ནས་ཆོས་ཉིད་ལ་མཉམ་པར་བཞག་པ་ན་མཉམ་གཞག་ཕྱི་མ་རྣམས་བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་དག་པ་པ་དེའི་རྒྱུན་དུ་གྱུར་པ་ཡིན་པའི་ཕྱིར།

{{#arraymap:ཐེག་ཆེན་གྱི་སྦྱོར་ལམ་

|; |@@@ | | }}

ཐེག་ཆེན་གྱི་སྦྱོར་ལམ་ (5)
Part of speech མིང་ཚིག
Definition མཚན་ཉིད་ནི། ཐེག་ཆེན་སོ་སྐྱེའི་རྒྱུད་ཀྱི་མངོན་རྟོགས་གང་ཞིག ཐར་པ་ཆ་མཐུན་གྱི་གནས་སྐབས་ལས་འདས་པའོ། །ངོ་བོའི་སྒོ་ནས་དབྱེ་ན། དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞིའོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས།

{{#arraymap:ཐེག་ཆེན་གྱི་སྦྱོར་ལམ་

|; |@@@ | | }}