22597
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། བདེན་པ་མངོན་སུམ་དུ་གསར་དུ་རྟོགས་པའི་བྱང་སེམས་ཀྱི་ལམ་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྟོད་ཆ་ལས། ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད། དབྱེ་ན་ཐེག་ཆེན་གྱི་མཐོང་ལམ་མཉམ་བཞག་ཡེ་ཤེས་དང་། རྗེས་ཐོབ་ཡེ་ཤེས་གཉིས། རྟེན་ལ་ལུས་རྟེན་དང་སེམས་རྟེན་གཉིས། ལུས་རྟེན་ནི་མི་དང་འདོད་ལྷའི་རྟེན་ལ་སྐྱེ་བ་དང་། སེམས་རྟེན་ནི་བསམ་གཏན་གྱི་དངོས་གཞི་སྙོམས་འཇུག་ཡིན་དགོས་སོ། ། |
| Domain | ཆོས་ལུགས། |