22610
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཐེག་ཆེན་སེམས་བསྐྱེད་དེ་རང་གི་སེམས་རྟེན་དུ་གྱུར་པའི་རྒྱལ་བ་སྲས་བཅས་ལ་དམིགས་པའི་དད་པ་དང། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སོགས་ལ་བརྟེན་ནས་གསར་དུ་སྐྱེ་བ་ཡིན་ཏེ། དཀོན་མཆོག་སྒྲོན་མེའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱིས་སེམས་བསྐྱེད་དོ། །ཞེས་དང། མདོ་སྡེ་རྒྱན་ལས། དེའི་རྩ་བ་སྙིང་རྗེ་འདོད། |
| Domain | ཆོས་ལུགས། |