22615

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐེག་ཆེན་སོར་སྡོམ་འབོགས་ཆོག་ (1)
Part of speech མིང་ཚིག
Definition སྡོམ་གསུམ། བྱང་ཆུབ་སེམས་དཔའ་ཉིད་ལ་ཡང་། །སོ་སོ་ཐར་པ་འབོགས་པ་ཡི། །ཆོ་ག་འགའ་ཞིག་ཡོད་མོད་ཀྱི། །དེ་ཡི་ཆོ་ག་ཕལ་ཆེར་ནུབ། །གསོ་སྦྱོང་རང་གིས་བླངས་པ་སོགས། །ཆོ་གའི་ལག་ལེན་འགའ་ཞིག་ཡོད། །རྒྱལ་སྲས་བྱམས་པ་འཇམ་དབྱངས་སོགས། །བདག་ཉིད་ཆེན་པོ་འགའ་ཞིག་གིས། །མཁན་པོ་མཛད་ནས་འགྲོ་མང་ལ། །བསྙེན་པར་རྫོགས་པར་མཛད་དོ་ཞེས། །ཚིག་འབྲུ་ཙམ་ཞིག་གསུངས་མོད་ཀྱི། །འོན་ཀྱང་དེ་ཡི་ཆོ་ག་ནི། །མདོ་ལས་གསུངས་པ་ངས་མ་མཐོང་། །འདི་འདྲ་སྔོན་གྱི་ཆོ་ག་སྟེ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །སོ་སོའི་སྐྱེ་བོས་བྱར་མི་རུང་། །དེས་ན་ད་ལྟའི་ཆོ་ག་ནི། །བསམ་པ་སེམས་བསྐྱེད་ཀྱིས་ཟིན་པའི། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །སོ་སོ་ཐར་པ་རིགས་བརྒྱད་པོ། །བྱང་སེམས་སོ་སོ་ཐར་པར་འགྱུར། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ཉན་ཐོས་ཀྱི་ལུགས་ལ་མ་བལྟོས་པར། བྱང་ཆུབ་སེམས་དཔའ་ཉིད་ལ་ཡང། སོ་སོར་ཐར་པ་འབོག་པའི་ཆོ་ག་ཐུན་མོང་མ་ཡིན་པ་འགའ་ཞིག་ཡོད་དེ། ཆོ་འཕྲུལ་བསྟན་པའི་མདོ་ལས། གསོ་སྦྱོང་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་བླང་བར་གསུངས་པ་དང། གཏན་ལ་དབབ་པའི་བསྡུ་བ་ལས། དགེ་སློང་མའི་སྡོམ་པ་མ་གཏོགས་པའི་སོ་ཐར་གཞན་རྟེན་གྱི་དྲུང་དུ་རང་ཉིད་ཀྱིས་ལེན་པར་གསུངས་པ་དང། འཕགས་པ་དོན་ཡོད་ཞགས་པའི་རྟོགས་པ་ལས། གསོ་སྦྱོང་གི་སྡོམ་པ་རྟེན་གྱི་དྲུང་དུ་རང་ཉིད་ཀྱིས་ལེན་པར་གསུངས་པ་ལ་སོགས་པ་རྣམས་སོ། །དེ་ལྟར་བཤད་མོད་ཀྱི། དེ་དག་གི་ཆོ་ག་ཕལ་ཆེར་ནི་དེང་སང་ནུབ་ལ། མ་ནུབ་པ་གང་ཞེ་ན། དོན་ཞགས་རྟོགས་པ་ནས་གསུངས་པ་ལྟར་གསོ་སྦྱོང་གི་སྡོམ་པ་རང་གིས་བླང་པ་དང། སྤྱོད་འཇུག་ནས་གསུངས་པ་ལྟར་སྐྱབས་འགྲོའི་སྡོམ་པ་བྱང་ཆུབ་སྙིང་པོའི་བར་དུ་ལེན་པ་ལྟ་བུ་ཐེག་ཆེན་གྱི་ཐུན་མོང་མ་ཡིན་པའི་སོ་ཐར་གྱི་ཆོ་གའི་ལག་ལེན་འགའ་ཞིག་དེང་སང་ཡང་མ་ནུབ་པར་ཡོད་དོ། །གཞན་ཡང་མིང་གསལ་ལ་ཆོ་ག་མི་གསལ་བ་ནི། མདོ་སྡེ་དཀོན་མཆོག་བརྩེགས་པའི་ཁྱིམ་པ་དྲག་ཤུལ་ཅན་གྱིས་ཞུས་པར། རྒྱལ་སྲས་བྱམས་པས་མཁན་པོ་མཛད་ནས་ཁྱིམ་བདག་དགུ་སྟོང་དང། རྒྱལ་སྲས་འཇམ་དབྱངས་ཀྱིས་མཁན་པོ་མཛད་ནས་ཁྱིམ་བདག་བདུན་སྟོང་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་དོ། །ཞེས་པའི་ཚིག་འབྲུ་ཙམ་ཞིག་གསུངས་མོད་ཀྱི། དེང་སང་གི་སོ་སོ་སྐྱེ་བོས་བྱར་མི་རུང་སྟེ། མཁན་པོ་བྱམས་པ་ལ་སོགས་པ་དབུ་སྐྲ་རིང་ཞིང་རྒྱན་དང་བཅས་པ་རྣམས་ཀྱིས་བསྒྲུབ་བྱ་ཁྱིམ་པའི་ཆ་ལུགས་ཅན་བསྙེན་པར་རྫོགས་ཚུལ་འདི་འདྲ་བ་ནི་སྔོན་གྱི་ཆོ་ག་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཁོ་ན་ཡིན་པས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས།
Domain ཆོས་ལུགས།