22619

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐེག་ཆེན་སྒོམ་ལམ་གྱི་བྱེད་པའི་མཚན་ཉིད་དྲུག་ (1)
Part of speech མིང་ཚིག
Definition རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ཐེག་ཆེན་སྒོམ་ལམ་སྒོམ་སྟོབས་ཀྱིས་ཐོབ་པའི་ཕན་ཡོན་ཏེ། ༡ སེམས་རང་དབང་བ་ཉིད་དུ་བྱེད་པའི་ཀུན་ནས་ཞི་བ། ༢ སྐྱེས་བུ་ཐམས་ཅད་འདུད་པ། ༣ ཉོན་མོངས་པའི་གཡུལ་ལས་རྒྱལ་བ། ༤ སྡུག་བསྔལ་གྱི་གནོད་པས་ནམ་ཡང་མི་བརྫི་བ། ༥ བྱང་ཆུབ་བསྒྲུབ་པའི་ནུས་པ་དང་ལྡན་པ། ༦ རྟེན་བྱང་སེམས་སྒོམ་ལས་ས་གང་དུ་བཞུགས་པའི་ས་ཕྱོགས་མཆོད་རྟེན་ཏུ་འགྱུར་བའི་སྒོམ་ལམ་གྱི་ཕན་ཡོན་ནོ། །
Domain ཆོས་ལུགས།