22622

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐེག་ཆེན་སྒྲུབ་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བཀྲས་ལྷུན་ཐོས་གླིང་ཡིག་ཆར། ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་དོན་གཉིས་ཕུན་ཚོགས་སྒྲུབ་པར་བྱེད་པའི་ཆེན་པོ་གསུམ་ལྡན་གྱི་སེམས་དཔའི་རྣལ་འབྱོར་དུ་དམིགས་པ། ཐེག་ཆེན་སྒྲུབ་པའི་མཚན་ཉིད་ཡིན།
Domain ཆོས་ལུགས།
ཐེག་ཆེན་སྒྲུབ་པ་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། རང་གི་རྒྱུར་གྱུར་པའི་ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་ཆེན་པོ་གསུམ་སྒྲུབ་བར་བྱེད་པའི་ཉམས་ལེན་གྱི་བྱ་བས་ཟིན་པའི་སེམས་དཔའི་རྣལ་འབྱོར། ཐེག་ཆེན་སྒྲུབ་པ་དེ། ཁྱད་ཆོས་གསུམ་དང་ལྡན་ཏེ། ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་སེམས་ཅན་གྱི་དོན་ཉམས་སུ་ལེན་པ། གཞན་དོན་ལ་བརྩོན་པས་དཀའ་སྤྱད་བཟོད་པ། འབྲས་བུ་རྣམ་མཁྱེན་མྱུར་དུ་ཐོབ་པར་བྱེད་པས་ན་དོན་ཆེན་པོ་སྒྲུབ་པའི་ཁྱད་པར་རྣམས་དང་ལྡན་པའི་ཕྱིར། དེ་ལྟར་ཡང་རྒྱན་ལས། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་ཡིན་པར་འདོད། །རྟག་ཏུ་ལེན་པ་ཆེ་དང་བཟོད་པ་ཆེ། །དོན་ཆེན་ཡང་དག་སྒྲུབ་པའི་བྱ་བ་བྱེད། །ཅེས་སོགས་གསུངས། དེ་ལ་སྟོན་ཚུལ་གྱི་སྒོ་ནས་དབྱེ་ན། མཁྱེན་པ་ཡུལ་གྱི་སྒྲུབ་པ་དང༌། སྦྱོར་བ་བྱེ་བྲག་གི་སྒྲུབ་པ་གཉིས། དེ་གཉིས་ནི་སྟོན་ཚུལ་གྱི་སྒོ་ནས་འཇོག་གི འགལ་བ་ནི་མ་ཡིན་ཏེ། ཐེག་ཆེན་གྱི་སྒྲུབ་པ་མཐའ་དག་དེ་གཉིས་ཀ་ཡིན་པའི་ཕྱིར། དེ་གཉིས་སྟོན་ཚུལ་གྱི་སྒོ་ནས་བཞག་པ་ཡང་ཡིན།
ཐེག་ཆེན་སྒྲུབ་པ་ (3)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆར། ཆེད་དུ་བྱ་བ་ཆེན་པོ་གསུམ་དོན་དུ་གཉེར་བའི་བསམ་པས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ། ཐེག་ཆེན་སྒྲུབ་པའི་མཚན་ཉིད་ཡིན། དེ་ལ་ཡུལ་གྱི་སྒོ་ནས་དབྱེ་ན། མཁྱེན་པ་ཡུལ་གྱི་སྒྲུབ་པ་དང༌། སྦྱོར་བ་བྱེ་བྲག་གི་སྒྲུབ་པ་གཉིས་ཡོད། མཁྱེན་གསུམ་གྱི་དོན་རྣམ་སྒོམ་པར་བྱེད་པའི་བསམ་པ་བཟང་པོས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ། དང་པོའི་མཚན་ཉིད་ཡིན། ཕྱིན་དྲུག་ཉམས་ལེན་གྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ། གཉིས་པའི་མཚན་ཉིད་ཡིན། དེ་གཉིས་པོ་ཡང་ལྡོག་པའི་སྒོ་ནས་དབྱེ་བ་ཡིན་གྱི་ཡིན་ཁྱབ་མཉམ་ཡིན་ཏེ། སེམས་དཔའི་མངོན་རྟོགས་ཡིན་ན་དེ་གཉིས་ཀ་ཡིན་དགོས་པའི་ཕྱིར། ཡང་དེ་ལ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། གོ་སྒྲུབ། འཇུག་སྒྲུབ། ཚོགས་སྒྲུབ། ངེས་འབྱུང་སྒྲུབ་པ་རྣམས་སུ་ཡོད།