22623

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བྱང་སེམས་གང་གི་ཆེད་དུ་སྒྲུབ་པ་ཉམས་ལེན་ལ་འཇུག་པའི་ཐོབ་བྱ་མཐར་ཐུག་ཅིག་ལ་ཟེར། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ཆོས་ཅན། དུ་མ་ཡོད་དེ། སེམས་ཆེན་པོ། སྤོང་བ་ཆེན་པོ། རྟོགས་པ་ཆེན་པོ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ཁ་ཅིག བྱང་སེམས་གང་གིས་ཆེད་དུ་སྒྲུབ་པ་ལ་འཇུག་པའི་ཐོབ་བྱ་མཐར་ཐུག ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བའི་མཚན་ཉིད། ཁ་ཅིག མི་རིགས་ཏེ། བྱང་སེམས་དང་རྒྱུད་ཐ་དད་དུ་གྱུར་པའི་སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་རྣམ་མཁྱེན་དེ། མཚོན་བྱ་དེ་གང་ཞིག མཚན་ཉིད་དེ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་མཁྱེན་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། བྱང་སེམས་ཀྱི་ཐོབ་བྱ་མཐར་ཐུག་མ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེའི་ཕྱིར། ཟེར་བ་མི་རིགས་ཏེ། བྱང་སེམས་དང་རྒྱུད་ཐ་དད་པའི་སངས་འཕགས་མེད་པའི་ཕྱིར་ཏེ། སངས་རྒྱས་འཕགས་པ་ཡིན་ན། བྱང་སེམས་ཀྱི་རྟོགས་པ་སྔོན་སོང་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན། ཐེག་ཆེན་གྱི་སློབ་ལམ་སྔོན་སོང་ཡིན་དགོས་པའི་ཕྱིར། རང་ལུགས་ནི། སྔ་མ་ལྟར་རམ། གང་གི་སྒྲུབ་པ་ལ་འཇུག་པའི་ཐོབ་བྱ་མཐར་ཐུག དེའི་མཚན་ཉིད་ཡིན། ཞེས་གསུངས།
Domain ཆོས་ལུགས།