22631
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། མཚན་ཉིད་ནི། རང་གང་ལ་ལྡན་པའི་ཐེག་ཆེན་གྱི་སྦྱོར་བ་དེ་ཐེག་དམན་གྱི་ལམ་ལས་ཁྱད་པར་དུ་འཕགས་པར་མཚོན་ནུས་པའི་ཐེག་ཆེན་སྦྱོར་བའི་ཁྱད་པར་བྱེད་ཆོས། དབྱེ་ན་ཆོས་ཉིད་རྟོག་གེའི་བློས་བསམ་དུ་མེད་པ་ལ་སོགས་པའི་ཁྱད་པར་བཅུ་དྲུག་གོ། ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས། ཁྱད་པར་གྱི་མཚན་ཉིད་ནི། ཐེག་ཆེན་སྦྱོར་བས་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཐེག་ཆེན་སྦྱོར་བའི་ཁྱད་པར་བྱེད་ཆོས་ཏེ། གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་ནས་རེ་རེ་ལ་བཅུ་དྲུག་བཅུ་དྲུག་གོ ། ཞེས་གསུངས་སོ། ། པཎ་ཆེན་ཤཱཀྱ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས། ཐེག་ཆེན་གྱི་སྦྱོར་བ་རང་གི་མཚན་གཞིའི་སྟེང་དུ་ཐུན་མོང་མིན་པར་མཚོན་བྱེད་གང་ཞིག མདོ་ལས་ཁྱད་ཆོས་བཅུ་དྲུག་གིས་དངོས་སུ་མཚོན་ནས་བསྟན་པའི་སེམས་དཔའི་རྣལ་འབྱོར་དེ་ཐེག་ཆེན་སྦྱོར་བའི་ཁྱད་མཚན་གྱི་མཚན་ཉིད། དབྱེ་ན་བཅུ་དྲུག་གོ ། ཞེས་སོ། ། |
| Domain | ཆོས་ལུགས། |