22632

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐེག་ཆེན་སྦྱོར་བའི་ངོ་བོ་ཉིད་མཚན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། ཤེས་ཁྱད་བྱེད་གསུམ་གྱིས་མཚོན་པར་བྱ་བའི་གཞིར་གྱུར་པའི་ཐེག་ཆེན་གྱི་སྦྱོར་བའི་ལས་སྒྲུབ། དབྱེ་ན་གཞི་ཤེས་ལམ་ཤེས་རྣམ་མཁྱེན་གྱི་སྦྱོར་བའི་ངོ་བོ་ཉིད་མཚན་དང་གསུམ། མཚན་ཉིད་རིམ་བཞིན། དེ་དང་དེའི་ཤེས་ཁྱད་བྱེད་གསུམ་གྱིས་མཚོན་པར་བྱ་བའི་གཞིར་གྱུར་པའི་དེ་དང་དེའི་ལས་སྒྲུབ། དབྱེ་ན་དང་པོ་ལ་ཉོན་མོངས་པས་དབེན་པའི་ངོ་བོ་ཉིད་སོགས་བཞི། གཉིས་པ་ལ་བྱ་དཀའ་བའི་ངོ་བོ་ཉིད་སོགས་ལྔ། གསུམ་པ་ལ་དམིགས་པའི་ངོ་བོ་ཉིད་སོགས་བདུན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། ངོ་བོ་ཉིད་ཀྱི་མཚན་ཉིད་ནི། མཚོན་པར་བྱ་བའི་མཁྱེན་གསུམ་སྦྱོར་བའི་ངོ་བོ་ཉིད་དེ་བཅུ་དྲུག་གོ ། འདི་སྦྱོར་བའི་ལྡོག་པ་ནས་བཤད་པའི་མཚོན་བྱའམ་ལས་སུ་བཤད་ཀྱི། ངོ་བོ་ཉིད་བཅུ་དྲུག་གིས་ཞེས་བྱེད་ཚིག་འབྱུང་བ་ནི་འགྱུར་མ་དག་སྟེ། བྱེད་སྒྲུབ་ཏུ་ཐལ་བར་འགྱུར་བའི་ཕྱིར་དང་། རྩ་བ་ལས་ཀྱང་། ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚོན་བྱ་ལྟ་བུར་མཚོན་པས་ན། །ཞེས་འབྱུང་ངོ་། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཐེག་ཆེན་སྦྱོར་བ་རང་གི་མཚན་ཉིད་ཀྱིས་མཚོན་པར་བྱེད་པའི་མཚན་ཉིད་དེ། ལས་སྒྲུབ་ཀྱི་དབང་དུ་བྱས་པའི་ཐེག་ཆེན་སྦྱོར་བའི་མཚན་གཞིའི་མཚན་ཉིད་ཅེས་ཀྱང་བྱ་ལ། ཐེག་ཆེན་སྦྱོར་བའི་ངོ་བོ་ཉིད་མཚན་གྱི་མཚན་ཉིད་ཅེས་ཀྱང་བྱའོ། །དེ་ལ་དབྱེ་ན། གཞི་ཤེས་སྦྱོར་བའི་ངོ་བོ་ཉིད་བཞི། ལམ་ཤེས་སྦྱོར་བའི་ངོ་བོ་ཉིད་ལྔ། རྣམ་མཁྱེན་སྦྱོར་བའི་ངོ་བོ་ཉིད་བདུན་ནོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།