22633

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐེག་ཆེན་སྦྱོར་བའི་བྱེད་མཚན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། ཐེག་ཆེན་སྦྱོར་བས་གཞན་དོན་བྱེད་པའི་ཆར་གྱུར་པའི་མཛད་པ་ཕྲིན་ལས། དབྱེ་ན་གཞི་ཤེས་ལམ་ཤེས་རྣམ་མཁྱེན་སྦྱོར་བའི་བྱེད་མཚན་དང་གསུམ། མཚན་ཉིད་རིམ་བཞིན། དེ་དང་དེས་གཞན་དོན་སྒྲུབ་པའི་ཆར་གྱུར་པའི་མཛད་པ་ཕྲིན་ལས། དབྱེ་ན་དང་པོ་ལ་གཞི་ཤེས་སྦྱོར་བས་གདུལ་བྱ་ལ་ཕན་པར་སྒྲུབ་པ་སོགས་བྱེད་པ་གསུམ། གཉིས་པ་ལ་ལམ་ཤེས་སྦྱོར་བས་གདུལ་བྱའི་སྐྱབས་མགོན་མཛད་པ་ལ་སོགས་པའི་བྱེད་པ་བདུན། གསུམ་པ་ལ་རྣམ་མཁྱེན་སྦྱོར་བས་རྟེན་གྱི་མཛད་པ་སྟེ་གཅིག་ཏུ་ངེས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། བྱེད་པའི་མཚན་ཉིད་ནི། སྦྱོར་བས་གདུལ་བྱ་གཞན་ལ་ཕན་པ་སྒྲུབ་པའི་སྦྱོར་བ་རང་ཉིད་ཀྱི་མཛད་པ་སྟེ་བཅུ་དྲུག་གོ ། ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཐེག་ཆེན་གྱི་སྦྱོར་བ་རང་གི་མཚན་གཞིའི་སྟེང་དུ་ཐུན་མོང་མིན་པར་མཚོན་བྱེད་གང་ཞིག། མདོ་ལས་བྱེད་པ་བཅུ་གཅིག་གིས་དངོས་སུ་མཚོན་ནས་བསྟན་པའི་སེམས་དཔའི་རྣལ་འབྱོར་དེ། ཐེག་ཆེན་སྦྱོར་བའི་བྱེད་མཚན་གྱི་མཚན་ཉིད། དབྱེ་ན། བཅུ་གཅིག་གོ ། བཅུ་གཅིག་པོ་ཡང་གསུམ་དུ་འདུ་སྟེ། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་བྱེད་པ་གསུམ། ལམ་ཤེས་སྦྱོར་བའི་བྱེད་པ་བདུན། རྣམ་མཁྱེན་སྦྱོར་བའི་བྱེད་པ་གཅིག་གོ ། ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།