22634

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐེག་ཆེན་སྦྱོར་བའི་མཚན་ཉིད་ཀྱི་ངོ་བོ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ཀྱི་མཚན་ཉིད་ནི། ཐེག་ཆེན་གྱི་སྦྱོར་བ་མཚོན་པའི་ཆེད་དུ་བཀོད་པའི་བྱེད་སྒྲུབ་དང་ལས་སྒྲུབ་གང་རུང་གིས་བསྡུས་པའོ། །དབྱེ་ན། ཐེག་ཆེན་གྱི་སྦྱོར་བའི་ཤེས་མཚན། དེའི་ཁྱད་མཚན། དེའི་བྱེད་མཚན། དེའི་ངོ་བོ་ཉིད་མཚན་དང་བཞིའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། ཐེག་ཆེན་སྦྱོར་བ་མཚོན་བྱེད་དང། ཐེག་ཆེན་སྦྱོར་བའི་མཚན་གཞི་གང་རུང་དུ་དམིགས་པ་དེ། ཐེག་ཆེན་སྦྱོར་བའི་མཚན་ཉིད་ཀྱི་མཚན་ཉིད། དབྱེ་ན། བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་དང། ལས་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་གཉིས་སོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།