22695
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་བྱམས་ཆོས་སྡེ་ལྔའི་ནང་གསེས། ཐེག་པ་ཆེན་པོའི་རྒྱུད་ཕྱི་མ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པའི་མདོ་ཟབ་མོ་རྣམས་ཀྱི་དགོངས་པ་འགྲེལ་བའི་བསྟན་བཅོས་ཤིག་སྟེ། དཔལ་གྲོང་ཁྱེར་དཔེ་མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་པཎྜི་ཏ་མཁས་པ་ཆེན་པོ་སད་ཛྙཱ་ན་དང༌། ལོཙྪ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བ་ཞིག་ཡིན། གཞུང་འདི་སྡེ་དགེའི་བསྟན་འགྱུར་སེམས་ཙམ་ཕི་བར་བཞུགས། |