22698

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་བ་བཀའ་འཁོར་ཐ་མའི་གསལ་བྱེད་ (1)
Part of speech མིང་ཚིག
Definition དབུ་མའི་སྐོར། བརྗོད་བྱ་ནི་རྡོ་རྗེའི་གནས་བདུན་དང་། བཀའ་ཐ་མའི་ལུང་རིགས་གཉིས་ཀྱིས་མཐའ་བཅད་དེ་གསལ་བོར་བསྟན་ཡོད། མཛད་པ་པོ་ནི་ཇོ་ནང་བ་ཞང་སྟོན་མཁས་པ་ཆེན་པོ་བསོད་ནམས་གྲགས་པ། མཛད་པའི་དུས་གསལ་ཁ་མ་བཀོད་མོད། ཁོང་ནི་ཕྱི་ལོ་༡༢༨༠ནས་༡༣༥༨བར་དུ་བྱོན། རྣམ་ཐར་ནང་དུ། དགུང་ལོ་སོ་ལྔ་བཞེས་པའི་དུས་སུ་ཆོས་རྗེ་རིན་པོ་ཆེ་དང་ཞལ་མཇལ་ནས་བཟུང་སྟེ། རེ་གསུམ་བར་དུ་བསྟེན་ནོ། །ཞེས་གསུངས་པ་ལྟར་ན་སྐུ་ཚེ་སྨད་ལ་མཛད་པ་འདྲ། མཛད་པའི་ཡུལ་ནི་དབེན་གནས་དཔལ་ལྡིངས། གཞུང་ཚད་ལ་པོད་གཅིག་བཞུགས། བརྗོད་དོན་རབ་དབྱེ་གཙོ་བོ་གཉིས་ཏེ། འགྲོ་བའི་སྐྱབས་གསུམ་བཤད་པ་དང་། སྐྱབས་གསུམ་འབྱུང་བའི་གནས་བཞི་བཤད་པ་བཅས་སོ། །