22986
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འབྱུང་རྩིས་ཟླ་ཟེར་ལྟར་ན་གཤིན་གྱི་འདུར་ཤིད་རྩིས་ལ་ཡོད་པའི་སྡེ་ཚན་བཅུ་གཉིས་ཀྱི་ཐོག་མ་གཤིན་པོ་དག་གི་རང་ལོའི་སྲོག་ཁམས་དང་། ལུས་ཁམས། དབང་ཁམས། ཀླུང་ཁམས། ཁམས་ཏེ་རུས་ཁམས་བཅས་ལྔ་ཡིན། སྡེ་ཚན་དེ་ལྟར་རང་ལྔས་རྩ་རྡེལ་བཅུ་གཅིག་ལས་ཤི་སྐབས་ཀྱི་གནམ་ལོ་དང་། ལོག་མེན་ལོ། ཟླ་བ། ཞག་པོ། དུས་ཚོད་བཅས་ཀྱི་སྲོག་སོགས་ལྔར་ནང་མཐུན་དུ་འཐབ་པའི་འཐབ་རྡེལ་ཉེར་ལྔ། དེ་དུས་ཀྱི་བབས་སྨེ་དང་། བབས་སྤར། རེས་གཟའ། སྐར་མ་བཅས་ཀྱི་ཁམས་རྐྱང་བར་འཐབ་པའི་འཐབ་རྡེལ་ཉི་ཤུ། སྲོག་སོགས་ལྔའི་འབྱུང་ཁམས་ཀྱི་དར་གུད་གནམ་ལོ་ཁོ་ནར་གཏུགས་པའི་དར་གུད་རྡེལ་ལྔ། སྡེ་ཚན་དེ་ལྔའི་འཐབ་རྡེལ་བཅུ་རེ་པོ་རང་རང་སར་དཀར་ནག་བགྲངས་ནས་བཞག་པའི་ཁ་དམར་རྡེལ་ལྔ། ཤུལ་ལུས་གསོན་པོ་གཙོ་བོའི་སྲོག་ལ་གཤིན་སྲོག་གི་འཐབ་པའི་འཐབ་རྡེལ་གཅིག་བཅས་ཁྱོན་བསྡོམས་རྡེལ་གྲངས་ང་དྲུག་ཡོད། ནག་རྩིས་བརྗེད་བྱང་དུ་ཁམས་དེ་སྐྱེས་སྨེ་ཡིན་པར་གསུངས་ཤིང་། དེས་ནང་མཐུན་དུ་འཐབ་ཡུལ་ནི་གནམ་ལོའི་སྨེ་བ་དང་། ལོག་མེན་ལོ། ཟླ་བ། ཞག་པོ། དུས་ཚོད་བཅས་ཀྱི་བརྩི་བྱ་དང་སྨེ་ཕྲེང་མཐུན་པའི་སྨེ་བ་ཡིན་པར་གསུངས་ཀྱང་རུས་ཁམས་ནི་སྐྱེས་སྨེ་དང་ཁམས་མཐུན་དུ་བརྩི་བ་ལུགས་འདིའི་དགོངས་པ་ཡིན་པས་དོན་ལ་འགལ་བ་མེད། འཐབ་རྡེལ་འཇོག་སྟངས་ནི་དཀར་ནག་གསོན་རྡེལ་བཞིན་དུ་བོར་ཞེས་གསུངས་ཡོད་པས། གསོན་ལ་བསྐོར་བའི་ཀེག་རྩིས་ལྟར་མར་འཐབ་ལ་དཀར་པོ་གསུམ་དང་། གྲོགས་འཐབ་ལ་དཀར་པོ་གཉིས། ས་ཆུ་ནང་འཐབ་ལ་དཀར་པོ་གཅིག བུར་འཐབ་ལ་དཀར་ནག་ཟུང་། ཤིང་ལྕགས་མེ་གསུམ་ནང་འཐབ་ལ་ནག་པོ་གཅིག དགྲར་འཐབ་ལ་ནག་པོ་གཉིས་བཅས་བོར་དགོས་ཀྱང་། དེ་དག་གི་ཁ་དམར་ལ་དཀར་ནག་གང་མང་ན་དེའི་རྡེལ་གཅིག་ལས་དཀར་གསུམ་ནག་གཉིས་སོགས་འཇོག་མི་དགོས། དེ་ཡང་སྲོག་གི་ཁ་དམར་གྱིས་དབྱེན་འབྱོང་མ་འབྱོང་ལ་བརྟག་དགོས་ཏེ། རྡེལ་ནག་བབས་ན་དབྱེན་འབྱོང་ཞེས་ཟེར་ཞིང་། བྱ་ནག་སྟེང་ནས་ལྡིང་། ཁྱི་ནག་འོག་ནས་ཟུག ལོ་གསུམ་སྔོན་ནས་བླ་ཚེ་བདུད་ཀྱིས་བཅད། ཚེ་ཡི་འཁོར་ལོ་ཞིག་པས་འཆི་བའི་དུས་ལ་སླེབས་ནས་ཤི་བར་བཤད། རྡེལ་དཀར་བབས་ན་དབྱེན་མ་འབྱོང་ཞེས་ཟེར་ཞིང་། མགོ་ཡིས་མ་ཚོར་དཔྲལ་བའི་མིག་ཕྱུང་། ལུས་ཀྱིས་མ་ཚོར་ཁོག་པའི་སྙིང་བཏོན། འགོ་བའི་ལྷས་སྟེང་ནས་བསླུས། ནག་པོ་བདུད་ཀྱིས་མ་ཚོར་བར་ཁྱེར་བས་འཆི་བའི་དུས་ལ་མ་སླེབས་པར་ཤི་བར་བཤད། ལུས་ཀྱི་ཁ་དམར་གྱིས་དུར་འདོད་མི་འདོད་ལ་བརྟག་དགོས་ཏེ། རྡེལ་ནག་བབས་དུར་འདོད་ཅེས་ཟེར་ཞིང་། སྒྱུ་ལུས་དཔག་བསམ་སྡོང་པོར་འབྱུང་བ་ནད་ཀྱི་སྟ་རེ་བཏབ། ལུས་ཕྱེད་དུར་དུ་ཞུགས་ཤིང་སྲོག་ཕྱེད་གཡང་ལ་ཤོར་བས་འཆི་དུས་སླེབས་ནས་ཤི་བར་བཤད། རྡེལ་དཀར་བབས་ན་དུར་མི་འདོད་ཅེས་ཟེར་ཞིང་། སྒྱུ་མའི་ལུས་ལ་གནོད་འཚེ་མི་འབྱུང་སྙམ། ལྷ་ས་འདྲེ་ཡིས་འཕྲོག་པའི་རྐྱེན་དབང་གིས་ཁྱེར་བས་འཆི་དུས་མ་སླེབས་པར་ཤི་བར་བཤད། དབང་ཐང་གི་ཁ་དམར་གྱིས་ཟན་གྲངས་ཐེབས་མ་ཐེབས་ལ་བརྟག་དགོས་ཏེ། རྡེལ་ནག་བབས་ན་ཟན་གྲངས་ཐེམས་ཞེས་ཟེར་ཞིང་། ཟས་གོས་གདན་གསུམ་གྱི་སྐལ་ཆད་པས་འཆི་དུས་སླེབས་ནས་ཤི་བར་བཤད། རྡེལ་དཀར་བབས་ན་ཟན་གྲངས་མ་ཐེམས་ཞེས་ཟེར་ཞིང་། ཁ་རྗེ་དབང་ཐང་མ་ཟད་པས་ཟས་ནོར་གྱི་གཡང་མ་ཉམས་པས་འཆི་དུས་མ་སླེབས་པར་ཤི་བར་བཤད། ཀླུང་རྟའི་ཁ་དམར་གྱིས་ཤིང་གི་ཡལ་ག་ཆག་མ་ཆག་ལ་བརྟག་དགོས་ཏེ། རྡེལ་ནག་བབས་ན་ཡལ་ག་ཆག་ཅེས་ཟེར་ཞིང་། ཕྱི་རུ་སྡང་བའི་མི་ཁ་འོངས། ཀླུང་རྟ་བསོད་ནམས་རྒྱལ་མཚན་འགྱེལ་བས་འཆི་དུས་སླེབས་ནས་ཤི་བར་བཤད། རྡེལ་དཀར་བབས་ན་ཡལ་ག་ཆག་ཅེས་ཟེར་ཞིང་། འབྱུང་བཞིའི་གནོད་པས་མི་ཚུགས་སྙམ། མ་ཚོར་བདུད་ཀྱིས་བསོད་ནམས་བརྐུས་པས་འཆི་དུས་མ་སླེབས་པར་ཤི་བར་བཤད། ཁམས་ཀྱི་ཁ་དམར་གྱིས་འདུར་ཐང་ཆེ་ཆུང་ལ་བརྟག་དགོས་ཏེ། དེར་རྡེལ་ནག་བབས་ན་འདུར་ཐང་ཆུང་བ་ལས་མི་ཐོབ་ཀྱང་དབང་རྡེལ་དཀར་ན་འབྲིང་བ་ཐོབ། རྡེལ་དཀར་བབས་ན་འདུར་ཐང་འབྲིང་བ་ལས་མི་ཐོབ་ཀྱང་དབང་རྡེལ་དཀར་ན་ཆེ་བ་ཐོབ། གལ་སྲིད་གཉིས་ཀ་ནག་ན་རོ་ཆས་དང་ཟན་གཏད་སོགས་འདུར་མི་ཐོབ་པར་བཤད། |
Domain | རྩིས་རིག |
{{#arraymap:ཐོག་མའི་སྡེ་ཚན་ལྔ་
|; |@@@ | | }}