22998

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:43, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐོག་འདྲའི་འཁྲུལ་འཁོར་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཐོག་འདྲའི་འཁྲུལ་འཁོར་ནི། གཅོད་པའི་འཁོར་ལོ་གཉིས་ཀྱི་ཡ་གྱལ་སྟེ། འདི་ལ་གནམ་ཐོག་ཆེན་མོ་ཞེས་ཀྱང་གྲགས། འཁོར་ལོ་རྣམ་བཞིའི་ནང་གསེས་གཅོད་པའི་འཁོར་ལོའི་བྱེ་བྲག་ཅིག་ཡིན། དེ་ཡང་། བཀའ་བརྒྱད་རྣམ་བཤད་ལས། དེ་ཡང་གཅོད་པའི་འཁོར་ལོ་ནི་ཡམཱནྟཀའི་ཕྱག་མཚན་གྱི་ཕྲིན་ལས་སུ་བཤད་ལ། རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་ལེན་པའི་ཚེ་ན་འཁྲུལ་འཁོར་ལ་བརྟེན་ནས་ལས་སྒྲུབ་པ་དེ་ལ་གཅོད་པའི་འཁོར་ལོར་བཤད་པའི་ཕྱིར། དེ་ལྟ་བུའི་འཁོར་ལོ་ལ་གཉིས་ཏེ། ཐོག་འདྲ་དང་། ལྕགས་འདྲ་གཉིས། དང་པོ་ཐོག་གིས་བྲག་ལ་སོགས་པ་གང་ཡང་ཐོགས་མེད་དུ་འཇོམས་པ་ལྟར། སྔགས་གཅིག་གིས་ལས་ཐམས་ཅད་ཐོགས་རྡུགས་མེད་པར་མྱུར་དུ་བྱེད་པ་གནམ་ཐོག་ཆེན་མོ་ཞེས་གྲགས་སོ། །ཞེས་དང་། གཉིས་པ་ཐོག་འདྲའི་འཁྲུལ་འཁོར་ནི། ཀ་བ་བཞི་དང་གདུང་མ་དྲུག་སྟེ། འཁྲུལ་འཁོར་ཆུང་ངུའོ། །ཞེས་གསུངས།
Domain ཆོས་ལུགས།