23382
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། བྱེ་བྲག་སྨྲ་བའི་ལུགས་ཀྱི་མི་ལྡན་འདུ་བྱེད་ཐོབ་པའི་དུས་ཀྱི་ཁྱད་པར་གསུམ་གྱི་ཡ་གྱལ། དུས་ད་ལྟར་བའི་ཐོབ་པ་སྟེ། ཐོབ་པར་བྱ་བའི་ཆོས་ད་ལྟར་བྱུང་བ་ལ་དུས་གསུམ་པའི་ཐོབ་པ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམ་པ་གསུམ་དུ་གྱུར་པ་ནི། ཆོས་ད་ལྟར་བའི་ཐོབ་པ་འདས་པ་དང་། ཆོས་ད་ལྟར་བའི་ཐོབ་པའང་ད་ལྟར་བ་དང་། མ་འོངས་པ་ན་ཡོད་པའང་སྲིད་དེ། ཐོབ་བྱའི་ཆོས་ད་ལྟར་བའི་ཐོབ་པ་འདས་པ་ནི་རང་དུས་ལས་སྔར་དེའི་ཐོབ་པ་བྱུང་བ་རྣམས་སོ། །དེའི་ཐོབ་པ་ད་ལྟར་བ་ནི་རང་དང་དུས་མཉམ་དུ་དེའི་ཐོབ་པ་བྱུང་བའོ། །དེའི་ཐོབ་པ་མ་འོངས་པ་ནི་འགགས་པའི་རྗེས་སུ་དེའི་ཐོབ་པ་བྱུང་བ་རྣམས་སོ། ། |
| Domain | ཆོས་ལུགས། |