23435

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:44, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཀའ་བ་རྣམ་པར་སྤྱོད་པའི་ཞིང་ཁམས་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་གསུངས་པའི་གཅིག་ཡིན་པ་དང་། ཞིང་འདི་བྱ་དཀའ་བ་ལས་བསྒྲུབས་པས་མིང་དེ་སྐད་དུ་གྲགས། ཞིང་འདིའི་སྟོན་པ་ནི་སངས་རྒྱས་དཀའ་ཐུབ་རྒྱལ་པོ་ཡིན་ཚུལ། མདོ་དགོངས་པ་འདུས་པ་ལེའུ་བདུན་པར། ཡང་དཀའ་བ་རྣམ་པར་སྤྱོད་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་དཀའ་ཐུབ་རྒྱལ་པོ་ཞེས་བྱ་བར་བསྟན་ནས། ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས།
Domain ཆོས་ལུགས།