23441
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་བཞི་པའི་ལྕགས་རྟ་ཕྱི་ལོ་ ༡༨༡༠ ལོར་མདོ་སྨད་སྟག་ལུང་དུ་ཡབ་དཀའ་ཐུབ་ཐར་དང་། ཡུམ་ཡུམ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་ངུའི་སྐབས་ནས་གུང་ཐང་བསྟན་པའི་སྒྲོན་མེས་སྐུ་གོང་མའི་སྤྲུལ་སྐུར་ངོས་བཟུང་། རབ་ཏུ་བྱུང་སྟེ་གདན་སར་བཀོད། མཚན་ལ་འཇམ་དབྱངས་ཆོས་ཀྱི་ཉི་མ་ཞེས་གསོལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། བསྡུས་གཞུང་དང་། གཞུང་བཀའ་པོད་ལྔ་ལ་ཐུགས་གཉེར་མཛད། ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་བསྙེན་པར་རྫོགས། ཡབ་རྗེ་དྷྭ་ཛ་ལས་དབང་ལུང་ཁྲིད་གསུམ་མང་དུ་ཞུས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲིར་བཞུགས། འཆད་ཉན་ཡར་ལྡན་དུ་བསྐྱངས། ཨ་མཆོག་ཚོགས་ཆེན་དང་། ཨུརྒེའི་བླ་མ་མཛད། སོ་ལྔ་པ་རབ་བྱུང་བཅུ་བཞི་བའི་ཤིང་འབྲུག་ཕྱི་ལོ་ ༡༨༤༤ ལོར་བདེ་ཐང་དགའ་ལྡན་ཆོས་འཁོར་གླིང་དུ་སྨད་རྒྱུད་གྲྭ་ཚང་བཙུགས། འཆད་ཉན་ལེགས་པར་བསྐྱངས། སོ་བརྒྱད་པར་ཇག་རོང་ཕྱོགས་སུ་ཕེབས། དབང་ལུང་མན་ངག་གི་ཆོས་རྒྱུན་མང་དུ་སྤེལ། བཞི་བཅུ་བ་རབ་བྱུང་བཅུ་བཞི་པའི་ས་བྱ་ཕྱི་ལོ་ ༡༨༡༤ ལོར་སྐུ་གཤེགས། དཀའ་བཅུའི་སྐུ་ཕྲེང་ལྔ་པ་ཡིན། |