23443
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་ས་བྱ་ཕྱི་ལོ་ ༡༧༨༩ ལོར་མདོ་སྨད་གཙོས་ཁ་ཡངས་གོང་དུ་ཡབ་ཚུལ་ཁྲིམས་དང་། ཡུམ་གཡང་དྲུང་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་སྐུ་གོང་མ་དཀའ་བཅུ་འཇམ་དབྱངས་དཀོན་མཆོག་ཉི་མའི་སྤྲུལ་སྐུར་ངོས་བཟུང་། བདེ་ཐང་དགོན་དགའ་ལྡན་ཆོས་འཁོར་གླིང་གི་གདན་སར་མངའ་གསོལ། རབ་བྱུང་དང་། དགེ་ཚུལ་གྱི་སྡོམ་པ་མནོས། མཁར་མོ་ཆེ་བ་བློ་བཟང་ཡོན་ཏན་ལས་སུམ་རྟགས་དག་གསུམ་དང་། སྒྲ་སྙན་ངག་བཅས་ལ་སྦྱངས། སྨད་ཕྱོགས་སུ་བྱོན་ནས་ཆོས་འཁོར་རྒྱ་ཆེར་བསྐོར། འབྱོར་བའི་ཕྱག་རྫས་རྣམས་ཀྱང་་རང་དགོན་དུ་བཞག ཉི་ཤུ་པ་རབ་བྱུང་བཅུ་བཞི་པའི་ས་འབྲུག་ཕྱི་ལོ་ ༡༨༠༨ ལོར་སྐུ་གཤེགས། དཀའ་བཅུའི་སྐུ་ཕྲེང་བཞི་པ་ཡིན། གསུང་རྩོམ་ནི་སུམ་རྟགས་ཀྱི་འགྲེལ་བ་དང་། སྙན་ངག་གི་དོན་རྒྱན་སོ་ལྔའི་དཔེར་བརྗོད་སོགས་པོད་ཆུང་གཅིག་བཞུགས། |