23445

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:44, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཀའ་བཅུ་སྐལ་བཟང་ཆོས་གྲགས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ཤིང་འབྲུག་ཕྱི་ལོ་ ༡༨༤༤ ལོར་མཚོ་སྔོན་ཧར་གེ་པཱེ་སིའི་ཧོའུ་ཤོར་ཡབ་ཧོ་ཤོ་ཆི་ཤེས་རབ་དང་། ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཡོངས་འཛིན་རྡོ་རྗེ་འཆང་ཉ་ཀྱཱ་ལྷ་རམས་པ་ངག་དབང་ཆོས་གྲགས་ཀྱི་མདུན་ནས་རབ་བྱུང་དང་། དགེ་ཚུལ་བསྒྲུབས། བཅུ་བཞི་བར་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། གཞུང་ཆེ་ཆུང་རྣམས་བློར་འཛིན་གཤར་སྦྱོང་དང་། འབྲེལ་བར་གཏན་ཚིགས་ཚུལ་གསུམ་ལ་བརྟེན་པའི་ཐུགས་གཉེར་ཕུལ་དུ་བྱུང་བ་མཛད། དགུན་ཆོས་གླིང་བསྲེས་དཀའ་བཅུའི་མིང་བཏགས་བཞེས། སྐྱབས་རྗེ་ཤིང་བཟའི་མདུན་ནས་བསྙེན་པར་རྫོགས། རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས། གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་དང་། དབྱངས་ཐིག་གར་གསུམ་སོགས་སྦྱངས། གྲྭ་ཚང་དབུ་མཛད་དང་། ཚོགས་ཆེན་དབུ་མཛད་ཆེན་མོར་བཞུགས། རབ་བྱུང་བཅོ་ལྔ་པའི་མེ་བྱ་ཕྱི་ལོ་ ༡༨༩༧ ལོར་སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲིར་བཞུགས། རབ་བྱུང་བཅོ་ལྔ་པའི་ལྕགས་གླང་ཕྱི་ལོ་ ༡༩༠༡ ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲིར་བྱོན། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་དོ་དམ་གནང་། མི་ཉག་གྲྭ་ཚང་གི་ཁྲིར་བཞུགས། འདས་ལོ་མི་གསལ། སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་སོ་བརྒྱད་པ་དང་། སྨན་པ་དཔོན་སློབ་ཀྱི་ཁྲི་རབས་རེ་གསུམ་པ་ཡིན།