23529

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:44, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཀར་པོ་ (1)
Part of speech རྒྱན་ཚིག
Definition གངས་རི་དང་འོ་མའི་མདོག་ལྟ་བུའི་ཁ་དོག
Keyword True
Example རས་དཀར་པོ་ཞིག་ཉོས། དེ་ལས་དཀར་བ་ཞིག་རག་དགོས། རས་དཀར་ཤོས་དེ་གང་དུ་བཙོང་རྒྱུ་ཡོད་ལྟ་བུ།
Antonyms ནག་པོ།
Adj Com Sup (?) དཀར་པོ། དཀར་བ། དཀར་ཤོས།
དཀར་པོ་ (2)
Part of speech རྒྱན་ཚིག
Definition དགེ་བའི་ལས་སམ་ཉེས་པ་མེད་པའི་དོན།
Example ལས་དཀར་པོ། བསམ་པ་དཀར་པོ། མི་དཀར་པོར་ཞྭ་ནག་པོ་མ་སྐོན་ལྟ་བུ།
Antonyms ནག་པོ།
དཀར་པོ་ (1)
Part of speech མིང་ཚིག
Definition སྦྱོར་བ་ཉེར་བདུན་གྱི་ནང་གསེས་ཤིག
Domain རྩིས་རིག
དཀར་པོ་ (2)
Part of speech མིང་ཚིག
Definition ས་མོ་སྦྲུལ།
དཀར་པོ་ (3)
Part of speech མིང་ཚིག
Definition ཕྱུགས་ཀྱི་ཧོན་ནད་འགོག་སྨན།
དཀར་པོ་ (4)
Part of speech མིང་ཚིག
Definition གཟའ་པ་སངས་ཏེ། འདི་ཉི་མའི་རྒྱུད་ལས་དཀར་གསལ་མཆོག་ཏུ་གྱུར་པ་དང་། འདི་ཤར་ཕྱོགས་ནས་ཤར་བའི་ཚེ། ནམ་ལངས་པ་ཡིན་པས་སེམས་ཅན་རྣམས་མུན་པ་ལས་གྲོལ་བས་དེ་ལྟར་བཤད།
Type མངོན་བརྗོད།
དཀར་པོ་ (5)
Part of speech མིང་ཚིག
Definition དངུལ་ཏེ། ཁ་དོག་དཀར་པོ་ཡིན་པས་དེ་ལྟར་བཏགས་པར་བཤད།