23807

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:45, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཀྱིལ་འཁོར་དལ་འབྲི་ནང་དུ་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ཡ་གྱལ་བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་བཅའ་གཞི་ལས་ཀྱི་བསྙེན་པ་སྟེ། སྒྲུབ་གཤེན་རང་ཉིད་ཀྱི་མངོན་དུ་བྱ་རྒྱུའི་ནང་ཡི་དམ་ལྷ་ཡི་དཀྱིལ་འཁོར་དངོས་མཚོན་བྱེད་དུ་མཚན་མའི་དཀྱིལ་འཁོར་བཅའ་བར་གཞི་གནས་ཀྱི་ས་སློང་ལ་ཡོན་འབུལ་བ། ས་བཀྲ་བརྟག་ཅིང་ས་གཏེར་འཇུག་པ་དང་ཆག་ཆག་ཐིག་གདབ་ཚོན་བཀྱེ་བ། ས་བོན་ཡིག་འབྲུ་རྟེན་དང་རྒྱན་རྫས་རྣམས་འགོད་པའི་ལས་རིམ་གྱི་སྐོར་ལ་བྱའོ། །དེ་ལ་ཡང་ནང་གསེས་གྲངས་ཀྱིས་དབྱེ་ན། ཕྱི་ནང་གསང་གསུམ་གྱི་བཅའ་གཞི་ལ་བསྙེན་པ་གསུམ་དུ་ཡོད་དོ། །དེ་དག་ལ་ཡང་འབྲས་བུའི་བསྙེན་པ་ཞེས་བྱའོ། །
Domain ཆོས་ལུགས།