23962
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། མ་ཧཱ་ཡོ་ག རྙིང་མ། དག་པ་རྣམ་པ་གསུམ་ནི། སྣོད་དག་པ་དང་། བཅུད་དག་པ་དང་། རྒྱུད་དག་པ་སྟེ། དཀོན་ཅོག་འགྲེལ་ལས། དེ་ལ་སྣོད་དག་པ་ནི་གནས་འབྱུང་བ་ཆེན་པོ་ལྔ་ཡུམ་ལྔའི་རང་བཞིན་དུ་དག་པར་རྟོགས་པའོ། །བཅུད་དག་པ་ནི་ཕུང་པོ་ལྔས་བསྡུས་པ་རིགས་རྣམ་པ་ལྔར་དག་པར་རྟོགས་པའོ། །རྒྱུད་དག་པ་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པར་རྟོགས་པ་སྟེ། དེ་ལྟར་དག་པ་རྣམ་པ་གསུམ་མོ། །ཞེས་དང་། ཕྱོགས་བཅུའི་མུན་སེལ་ལས། རང་བཞིན་ཤེས་པར་བྱ་བ་ནི་དག་པ་གསུམ་དང་མཉམ་པ་བཞིས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཀུན་ཏུ་བཟང་པོའི་ཞིང་དུ་མཚོན་པ་སྟེ། དེའང་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔའི་ངོ་བོ་ཡུམ་ལྔའི་རང་བཞིན་དུ་དག་ཅིང་། ནང་བཅུད་ཀྱི་སེམས་ཅན་ཕུང་པོ་ལྔས་བསྡུས་པ་ཡབ་ལྔར་དག་ལ། རང་རང་གི་རྒྱུད་ཀྱི་དབང་པོ་དང་རྣམ་པར་ཤེས་པ་དང་དེ་དག་གི་ཡུལ་རྣམས་སེམས་དཔའ་དང་སེམས་མ་དང་སྒོ་བ་ཡབ་ཡུམ་དུ་དག་པའོ། །ཡང་། སྣོད་གཞལ་ཡས་ཁང་། བཅུད་ལྷ་དང་ལྷ་མོ། རང་གི་རྒྱུད་ཡེ་ཤེས་ལྔའི་རང་བཞིན་དཀྱིལ་འཁོར་ཆེན་པོར་གནས་པ་རྣམས་ཡེ་ནས་སངས་རྒྱས་པའི་རང་བཞིན། ཞེས་གསུངས། |
| Domain | [ཆོས་ལུགས།, ལྟ་གྲུབ།] |