24027

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:46, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགག་དབྱེའི་གཞི་ (1)
Part of speech མིང་ཚིག
Definition འདུལ་བ་གཞིའིི་སྡེ་ཚན། དེའི་ནང་གསེས་ཀྱི་དགག་དབྱེའི་སྡེ་སྟེ། དེ་དབྱེ་བ་ལྔས་སྒོ་ནས་འཆད་ཡོད། པོད་ཀ་པར་བཞུགས།

{{#arraymap:དགག་དབྱེའི་གཞི་

|; |@@@ | | }}

དགག་དབྱེའི་གཞི་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། གཞི་བཅུ་བདུན་གྱི་ནང་ཚན་ཞིག དབྱར་གྱི་ནང་དུ་ལྟུང་བ་གླེང་དྲན་བྱེད་པ་ལ་སོགས་པ་དགག་པ་རྣམས་དབྱེ་བར་བྱེད་པས་ན་དགག་དབྱེ་ཞེས་པ་ཡིན་ནོ། །དེའི་ཚུལ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དེ་ལྟར་དབྱར་གྱི་གཞི་བརྗོད་ནས། ད་ནི་དགག་དབྱེའི་གཞི་བརྗོད་པར་བྱ་བ་ཡིན་ཏེ། དབྱར་གྱི་མཐར་དགག་དབྱེ་འབྱུང་བ་རྒྱུ་འབྲས་ཀྱི་རིམ་པ་ཡིན་པས་སོ། །ལུང་ལས་ནི། བཤད་རིམ་གྱི་དབང་དུ་མཛད་ནས། བཟློག་སྟེ་བཤད་དོ། །འདི་འཆད་པ་ལ། མདོར། དབྱར་གནས་པས་དགེ་འདུན་ལ་མཐོང་བ་དང་ཐོས་པ་དང་། དོགས་པ་དག་གིས་དགག་དབྱེ་བྱའོ། །དབྱར་རྣམས་ཀྱི་ཐ་མའི་ཉི་མ་ལའོ་ཞེས་གསུངས། དོན་བཤད་དུ་ཡོད་དེ། སྤྱིར་བཏང་དམིགས་བསལ་གཉིས་ཀྱི་སྒོ་ནས་བཤད་པར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས། དུས་ཚོད་ག་འདྲ་ཞིག་གི་སྐབས་སུ་དགག་དབྱེ་བྱ་ན། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དྲུག་པ་དུས་ནམ་གྱི་ཚེ་བྱ་བ་ཡོད་དེ། དབྱར་སྔ་མ་ཁས་བླངས་པ་ཡིན་ན། སྟོན་ཟླ་འབྲིང་པོའི་ཉ་དང་ཕྱི་མ་ཁས་བླངས་པ་ཡིན་ན། སྟོན་ཟླ་ཐ་ཆུང་གི་ཉ་ལ་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དགག་དབྱེའི་གཞི་

|; |@@@ | | }}