24039

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:46, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགག་དབྱེའི་སྔོན་ཚེས་བཅུ་ལ་ཇི་ལྟར་སྒྲུབ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། དགག་དབྱེའི་སྔོན་ཚེས་བཅུ་ལ་ཆོས་ལྡན་གྱི་བྱ་བ་ཇི་ལྟར་སྒྲུབ་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ཞག་བཅུའམ་ཟླ་བ་ཕྱེད་ན་ཇི་ལྟར་སྒྲུབ་པ། ཚེས་བཅུ་བཞི་ལ་ཇི་ལྟར་སྒྲུབ་པ། ཚེས་བཅོ་ལྔའི་ཚེ་ལས་ཀྱི་མདུན་རོལ་དུ་ཇི་ལྟར་སྒྲུབ་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཞག་འདི་ཙམ་ན་དགེ་འདུན་དགག་དབྱེ་མཛད་དོ། །ཞེས་སྤྱོད་ཡུལ་དུ་སྦྱིན་བདག་ལ་བརྗོད་པ་དང་། གཙུག་ལག་ཁང་བརྒྱན་ཅིང་གསར་པ་བརྩིག་པ་སོགས་དང་། ནང་དང་བཅས་པ་ཡོད་ན་བཟོད་པ་གསོལ་བ་རྣམས་ཡིན་པའི་ཕྱིར། དེ་གསུམ་མདོ་ལས་གསུངས་ཚུལ་ཡོད་དེ། སྤྱོད་ཡུལ་དུ་བརྗོད་པར་བྱའོ་ཞེས་དང་། ཁང་པ་བརྩེགས་པ་དག་རྩིག་གོ་ཞེས་དང་། ནང་དང་བཅས་པས་བཟོད་པ་མ་གསོལ་བར་དགག་དབྱེ་མི་བྱའོ། །ཞག་བཅུ་འམ་ཟླ་བ་ཕྱེད་ཀྱིས་དེ་འབྱུང་བར་འགྱུར་བ་ཉིད་ན་དེའི་དུས་ཡིན་ནོ། །ཞེས་གསུངས་པ་རྣམས་ཀྱིས་བསྟན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དགག་དབྱེའི་སྔོན་ཚེས་བཅུ་ལ་ཇི་ལྟར་སྒྲུབ་པ་

|; |@@@ | | }}