24040

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:46, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགག་དབྱེའི་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྦྱོར་བ་ལ་གསུམ་སྟེ། ཞག་བཅུའམ་ཟླ་བ་ཕྱེད་ན་ཇི་ལྟར་བསྒྲུབ་པ་དང་། ཚེས་བཅུ་བཞི་ལ་ཇི་ལྟར་བསྒྲུབ་པ་དང་། ཚེས་བཅོ་ལྔའི་ལས་ཀྱི་མདུན་རོལ་དུ་ཇི་ལྟར་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། སྤྱོད་ཡུལ་དུ་བརྗོད་པ་དང་། གནས་དང་མཆོད་རྟེན་གྱི་བྱ་བ་བསྒྲུབ་པ་དང་། འཁོན་ཡོད་ན་བཟོད་པར་གསོལ་བ་སྟེ། སྤྱོད་ཡུལ་དུ་བརྗོད་པ་བྱའོ་ཞེས་པ་དང་། གཙུག་ལག་ཁང་བརྒྱན་ཞེས་པ་ལ་སོགས་པ་དང་། ནད་དང་བཅས་པས་བཟོད་པ་ཞེས་གོ་རིམ་བཞིན་ནོ། །གཉིས་པ་ལ་གསུམ་སྟེ། སེང་གེའི་ཁྲི་བརྒྱན་པ་དང་། ཆོས་བཤད་ཉན་འབྱུང་བ་སྤྱོད་ཡུལ་དུ་བརྗོད་པ་དང་། མཚན་ཐོག་ཐག་ཉན་བཤད་བྱ་བ་སྟེ། གཞུང་འདི་ཉིད་ལས་གོ་རིམ་བཞིན་དུ་བསྟན་ཏོ། །གསུམ་པ་ལ་ལྔ་སྟེ། འདུས་པ་ཐམས་ཅད་ཀྱིས་ཕན་ཚུན་ཀུན་དགའ་བར་བྱེད་པ་དང་། ཆོས་རྣམ་པར་གཏན་ལ་དབབ་པས་མཚན་མདའ་བར་བྱ་བ་དང་། དགག་དབྱེ་བྱེད་པ་པོའི་དགེ་སློང་བསྐོ་བ་དང་། དེས་རྩྭ་དུར་བྷ་དགེ་འདུན་ལ་བྲིམ་པ་དང་། གཞན་གྱིས་གསོལ་བ་འབའ་ཞིག་པའི་ལས་བྱ་བ་སྟེ། དེའི་ཚེ་འདུས་པ་ཐམས་ཅད་ཀྱིས་ཕན་ཚུན་ཞེས་པ་དང་། གཞན་ལ་ནས་དེ་དེ་དག་གིས་ཞེས་པ་དང་། དགེ་སློང་དགག་དབྱེ་བྱེད་པ་བསྐོ་ཞེས་པ་དང་། དེས་རྩྭ་དུར་བྷ་བྲིམ་ཞེས་པ་དང་། དགག་དབྱེ་བའི་ཕྱིར་གཞན་གྱིས་སོ་ཞེས་སོ། །ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས། དགག་དབྱེ་དེ་ལ་ཞག་ལྔའམ་དྲུག་ནས་གང་དུ་བྱ་བའི་གཙུག་ལག་ཁང་རྒྱན་པ་དང། མཆོད་རྟེན་གསོ་བ་དང། མཚན་ཐོག་ཐག་ཆོས་འཆད་པའི་སེངྒེའི་ཁྲི་བརྒྱན་པ་དང། ཁྱིམ་པ་རྣམས་ལ་བསོད་ནམས་སྤེལ་བའི་ཕྱིར། ཞག་འདི་ཙམ་ན་དགེ་འདུན་དགག་དབྱེ་མཛད་པར་འགྱུར་རོ། །ཞེས་སྤྱོད་ཡུལ་གྱི་གྲོང་དང་གྲོང་ཁྱེར་དང། ཚོང་འདུས་ལ་སོགས་པར་བརྗོད་པར་བྱའོ། །ཕན་ཚུན་འཁོན་ཡོད་པ་རྣམས་བཟོད་གསོལ་མ་བྱས་པར་དགག་དབྱེ་མི་བྱ་བར་གསུངས་པས། བཟོད་པར་བྱ་བའི་ཡུལ་ལ་བཟོད་གསོལ་བྱ་ཞིང། དེས་ཀྱང་བཟོད་གསོལ་མི་ལེན་པར་མི་བྱའོ། །དེ་ནས་མདོ་སྡེ་དང། འདུལ་བ་དང། མ་མོ་འཛིན་པའི་མཁས་པ་དག་ལ་གསོལ་བ་བཏབ་ནས། དེ་དག་གིས་མཚན་ཐོག་ཐག་ཏུ་རེ་མོས་ཀྱིས་ཆོས་བཤད་པར་བྱ། བཅོ་ལྔའི་ཉིན་དགེ་སློང་དབྱར་གནས་པ་དབྱར་རལ་བ་དང། མ་རལ་བ་གང་ཡིན་ཀྱང། རང་ལ་ལྟུང་བ་མཐོང་ཐོས་དོགས་གསུམ་ཡོད་པ་རྣམས་དགེ་འདུན་ལ་གླེང་བར་སྐབས་དབྱེ་ནས་དགེ་འདུན་གྱིས་ཀྱང་དགེ་སློང་སོ་སོར་ལྟུང་བ་གང་དང་གང་བྱུང་གླེང་སྟེ་དགེ་འདུན་ལྷག་མ་བྱུང་ན་བྱིན་གྱིས་བརླབ། ལྟུང་བྱེད་མན་ཆད་ནི་བཤགས་པ་བྱའོ། །ཚེས་བཅོ་ལྔའི་མཚན་མོ་དགག་དབྱེ་བྱ་བའི་ལས་རྩོམ་པ་མ་རན་གྱི་བར་དུ་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པས་མཚན་འདའ་བར་བྱའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས།
Domain ཆོས་ལུགས།