24057

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:46, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགག་བྱའི་བདག་ (1)
Part of speech མིང་ཚིག
Definition མདོ། དབུ་མ། རྗེ་ཙོང་ཁ་པའི་དབུ་མ་དགོངས་པ་རབ་གསལ་ལས། སྔར་བཤད་པའི་མིང་གི་ཐ་སྙད་ཀྱི་དབང་ཙམ་གྱིས་བཞག་པ་མིན་པའི་ཡོད་པར་འཛིན་པ་ནི། བདེན་པ་དང་། དོན་དམ་པར་དང་། ཡང་དག་ཏུ་གྲུབ་པ་དང་། རང་གི་ངོ་བོས་དང་། རང་གི་མཚན་ཉིད་ཀྱིས་དང་། རང་བཞིན་གྱིས་ཡོད་པར་འཛིན་པ་ལྷན་སྐྱེས་ཡིན་ལ། དེས་བཟུང་བའི་ཞེན་ཡུལ་ནི་བརྟག་པ་མཐའ་བཟུང་གི་བདེན་ཚད་དོ། །ཞེས་དང་། ཆོས་རྣམས་ཀྱི་ངོ་བོ་ཡུལ་ཅན་ཐ་སྙད་ཀྱི་རྟོག་པ་གཞན་ལ་རག་མ་ལས་པ་སྟེ། དེའི་དབང་གིས་བཞག་པ་མིན་པའི་རང་བཞིན་དེ་ཉིད་ལ་དགག་བྱའི་བདག་ཅེས་བྱ་ལ། དེ་ཉིད་ཁྱད་གཞི་གང་ཟག་གི་སྟེང་དུ་མེད་པ་ནི་གང་ཟག་གི་བདག་མེད་དང་། མིག་སྣ་སོགས་ཆོས་ཀྱི་སྟེང་དུ་མེད་པ་ནི་ཆོས་ཀྱི་བདག་མེད་དུ་འཇོག་གསུངས་པས། རང་བཞིན་དེ་གང་ཟག་དང་ཆོས་ཀྱི་སྟེང་དུ་ཡོད་པར་འཛིན་པ་ནི་བདག་གཉིས་ཀྱི་འཛིན་པར་ཤུགས་ཀྱིས་རྟོགས་ཏེ། བརྒྱ་པའི་འགྲེལ་པ་ལས། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལས་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་གཏོགས་ཏེ། ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པ་ཞེས་བྱའོ། །ཞེས་པ་ལྟར་ཏེ། འདི་ཉིད་ལས་ཀྱང་། ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་བདག་མེད་གཉིས་དགག་བྱའི་སྒོ་ནས་མ་ཕྱེ་བར་གཞི་ཆོས་ཅན་གྱིས་འབྱེད་པར་བཤད་དོ། །ཞེས་གསུངས།
Domain ཆོས་ལུགས།
Synonyms མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། དེ་ལྟར་སྔར་བཤད་པ་བཞིན་གྱི་ཆོས་ཐམས་ཅད་མིང་བརྡས་བཞག་ཙམ་མ་ཡིན་པའི་ཡོད་པར་འཛིན་པ་ལྷན་སྐྱེས་དང༌། ཆོས་རྣམས་མིང་བརྡའི་དབང་གིས་བཞག་ཙམ་མ་ཡིན་པའི་ཡོད་པ་ཞིག་བྱུང་ན། དེ་ཉིད་ལ་བདེན་པར་གྲུབ་པ། དོན་དམ་པར་གྲུབ་པ། ཡང་དག་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་བཞིན་གྱིས་གྲུབ་པ། རང་ངོས་ནས་གྲུབ་པ། རྫས་སུ་གྲུབ་པ་ཞེས་བྱ་ཞིང༌། ཞེས་གསུངས།

{{#arraymap:དགག་བྱའི་བདག་

|; |@@@ | | }}