24098

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:46, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགའ་བ་ (1)
Part of speech མིང་ཚིག
Definition སེམས་ཆགས་པའམ། བརྩེ་དུང་ངམ་འཁྲིག་འདོད་ཀྱི་བསམ་པས་སེམས་པ་ཤོར་བའི་དོན།
Example བུད་མེད་ལ་དགའ་བ། མཛའ་མོ་ལ་དགའ་བ་ལྟ་བུ།
དགའ་བ་ (2)
Part of speech མིང་ཚིག
Definition གང་ཟག་གམ་དངོས་པོ་ཞིག་ལ་སེམས་དགའ་བའི་དོན་ཏེ།
Example མེ་ཏོག་འདེབས་འཛུགས་བྱེད་རྒྱུར་དགའ་བ། ལྟ་གྲུབ་སྐོར་གྱི་དཔེ་ཆར་དགའ་བ་ལྟ་བུ།
དགའ་བ་ (3)
Part of speech མིང་ཚིག
Definition ཆེད་དུ་གཉེར་བའི་ལས་དོན་གང་ཡིན་འགྲུབ་ནས་སེམས་པ་སྤྲོ་བའི་དོན་ཏེ།
Example ཁྱེད་དང་མཇལ་ནས་སེམས་པ་དགའ་བ་ལ་ཚད་མ་བྱུང་ལྟ་བུ།
Antonyms སྐྱོ་བ།
དགའ་བ་ (4)
Part of speech མིང་ཚིག
Definition ཆུ་ཕོ་འབྲུག
Domain རྩིས་རིག
དགའ་བ་ (5)
Part of speech མིང་ཚིག
Definition ཡར་ངོའི་དགའ་བ་དང་པོ་ཚེས་གཅིག དགའ་བ་གཉིས་པ་ཚེས་དྲུག དགའ་བ་གསུམ་པ་ཚེས་བཅུ་གཅིག མར་ངོའི་དགའ་བ་དང་པོ་ཚེས་བཅུ་དྲུག དགའ་བ་གཉིས་པ་ཚེས་ཉི་ཤུ་གཅིག དགའ་བ་གསུམ་པ་ཚེས་ཉི་ཤུ་དྲུག་བཅས་ཡིན།
དགའ་བ་ (6)
Part of speech མིང་ཚིག
Definition ཡོན་གྱི་མིང་དུ་བཤད།
Type བརྡ་རྙིང་།
དགའ་བ་ (7)
Part of speech མིང་ཚིག
Definition སེམས་པ་དེར་ཕྱོགས་པའམ་དུང་སྣང་ཤོར་བའི་དོན་ཡིན། དེ་ལ་རྣམ་པ་གཉིས་ཏེ། དགའ་བ་ཉོན་མོངས་ཅན་ནི་སྲེད་པ་སྟེ། བུ་དང་ཆུང་མ་ལ་སོགས་པ་དག་ལ་དགའ་བ་དང་། ཉོན་མོངས་ཅན་མ་ཡིན་པ་ནི་དད་པ་སྟེ། སྟོན་དང་བླ་མ། ཡོན་ཏན་ཅན་ལ་རྣམས་དགའ་བ་ལྟ་བུའོ། །ཡང་དགའ་དད་གཉིས་ལ་མུ་བཞི་སྟེ། དད་པ་ཡིན་ལ་དགའ་བ་མ་ཡིན་པ་ཡོད་དེ། སྡུག་བསྔལ་དང་ཀུན་འབྱུང་བ་ལ་དམིགས་པའི་དད་པ་ལྟ་བུའོ། །དགའ་བ་ཡིན་ལ་དད་པ་མ་ཡིན་པ་ཡང་ཡོད་དེ། དགའ་བ་ཉོན་མོངས་ཅན་ལྟ་བུའོ། །གཉི་ག་ཡིན་པ་ནི་འགོག་པ་དང་ལམ་ལ་དམིགས་པའི་དད་པ་ལྟ་བུའོ། །གཉི་ག་མ་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། ། དེ་བཞིན་དུ་དགའ་གུས་གཉིས་ལ་ཡང་མུ་བཞི་སྟེ། དགའ་བ་ཡིན་ལ་གུས་པ་མ་ཡིན་པ་ནི་བུ་དང་ཆུང་མར་དགའ་བ་ལྟ་བུའོ། །གུས་པ་ཡིན་ལ་དགའ་བ་མ་ཡིན་པ་ནི་བླ་མ་གཞན་དག་ལ་གུས་པ་ལྟ་བུའོ། །གཉི་ག་ཡིན་པ་ནི་རང་གི་བླ་མ་དག་ལ་གུས་པ་ལྟ་བུའོ། །དེ་གཉི་ག་མ་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །
Domain ཆོས་ལུགས།
དགའ་བ་ (8)
Part of speech མིང་ཚིག
Definition བསམ་གཏན་དང་པོ་གཉིས་ཀྱི་ཕན་ཡོན་གྱི་ཡན་ལག་གཉིས་ཀྱི་ཡ་གྱལ། ཉོན་མོངས་དབེན་པ་ལས་སྐྱེས་པའི་དགའ་བ་འདི་ནི་སེམས་ལས་བྱུང་བའོ་ཆོས་གཞན་ཁོ་ན་ཡིད་བདེ་བ་ཡིན་གྱི་ཚོར་བ་བདེ་བ་མ་ཡིན་ཏེ། བསམ་གཏན་ན་ཡོད་པ་བདེ་བ་ཡིད་བདེ་བར་མི་རུང་བ་ཉིད་ཀྱི་ལུང་རྣམ་པ་གཉིས་མཐོང་བའི་ཕྱིར་རོ། །སྡེ་པ་གཞན་ན་རེ། དགའ་བ་ནི་སེམས་ལས་བྱུང་བའི་ཆོས་གཞན་དག་ཁོ་ན་ཡིན་ལ། ཡིད་བདེ་བ་ནི་བསམ་གཏན་གསུམ་ཆར་གྱི་ཡང་བདེ་བ་ཡིན་པར་འདོད་དོ། །དེ་ལྟར་བསམ་གཏན་དག་ན་ཡོད་པའི་བདེ་བ་ནི་ཡིད་བདེ་བ་ཡིན་པར་མི་རུང་སྟེ། བཅོམ་ལྡན་འདས་ཀྱིས་རྣམ་པར་སྒྱུར་བའི་མདོ་ལས། བསམ་གཏན་གསུམ་པ་བཀའ་སྩལ་ནས་འདིར་འདིའི་ཡིད་བདེ་བའི་དབང་པོ་སྐྱེས་པ་མ་ལུས་པར་འགག་པར་འགྱུར་རོ་ཞེས་བཀའ་སྩལ་ལ། བསམ་གཏན་བཞི་པ་ལ་ནི་བདེ་བའི་དབང་པོ་འགག་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ཡང་བདེ་བ་ཡང་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་ཞེས་གསུངས་པས། དེའི་ཕྱིར་ཡང་བསམ་གཏན་གསུམ་པ་ན་ཡིད་བདེ་བའི་དབང་པོ་མེད་དེ། དེ་ལྟ་བས་ན་དགའ་བ་ཁོ་ན་ཡིད་བདེ་བ་ཡིན་གྱི་བདེ་བ་ནི་མ་ཡིན་ནོ་ཞེས་མཛོད་རང་འགྲེལ་ལས་གསལ་ལོ། །
དགའ་བ་ (1)
Part of speech རྒྱན་ཚིག
Definition ལེགས་པའམ་བཟང་བའི་རྣམ་པ་སྟེ།
Example མི་ཚེ་དོན་མེད་དུ་གཏོང་བ་ལས། ལས་ཀ་བྱས་ཏེ་བྱས་རྗེས་ཤིག་བཞག་ན་དགའ་བ་ཡིན་ལྟ་བུ།
དགའ་བ་ (1)
Part of speech གྲངས་ཚིག
Definition གྲངས་གནས་དྲུག་ཅུའི་ནང་གི་ང་དྲུག་པ་སྟེ་སྙིང་རྗེ་ཆེན་པོ་བཅུའོ། །